e-texts navigator
Collection
Volume
Page
Wylie

134b1 གཅིག་པ། སྲིང་གསུམ་སྒྲོལ་བའི་ཟམ་པ་གཅིག་པུ་ལགས།། དཀྱིལ་འཁོར་མཆོག་གི་རྒྱུན་ཏེ་སྡིག་མེད་པ།། གསེར་མདོག་འོད་རྒྱན་རྟེན་དགྱུར་བ་སྟེ།། མཉམ་པ་ཉིད་ཀྱིས་མི་མཉམ་མཚུངས་པར་འགྱུར།། ས་བརྙེས་འོད་ཟེ
134b2 རྒྱས་པ་རྒྱན་ཕྲེང་མངའ། ། ཆེན་པོའི་ཆེ་བ་ཐོག་མ་མེད་པ་སྟེ། སྔ་མ་མུན་པ་བསལ་ཞིང་ཉོན་མོངས་མེད།། དགེ་བས་དག་པ་སྤྱོད་ཡུལ་རྣམ་པར་དག། ཚུལ་གྱིས་དཀྱིལ་འཁོར་ཡངས་ཤིང་རྣམ་པར་དག། སྲིད་གསུམ་དབང་ཕྱུག
134b3 པད་མ་ལས་བྱུང་བ། ། སྲད་གསུམ་བདེ་ཅན་ཡངས་པའི་དབང་ཕྱུག་སྟེ།། དབང་ཕྱུག་མི་གཡོ་རྣལ་འབྱོར་མཁས་པ་པོ།། དེ་བཞིན་གཤེགས་པ་ཆེན་པོ་རབ་མཆོག་ཡངས།། ནོར་བུའི་རྒྱན་གྱི་རྡོ་རྗེ་རྒྱན་དུ་ཐོགས།། པད་མས་བརྒྱན
134b4 བ་ལྷུན་པོ་ལས་བྱུང་བ། ། དགེ་སྣོད་ཡོན་ཏན་ཆེན་པོའི་སྣོད་གཅིག་པ།། བདེ་ལ་ལོངས་སྤྱོད་རྣམ་འདྲེན་ཆེན་པོའི་བདག། སྨོན་ལམ་རྒྱ་ཆེན་རྒྱ་མཚོ་ལྡན་པ་སྟེ།། འགྲོ་བ་སྲིད་པར་ལྷུང་བ་གྲོལ་མཛད་པ།། ས་དང་མཉམ་པ་ཐམས་ཅད
134b5 གཟིགས་པར་མཛད། ། སྐལ་བཟང་བསྐལ་པ་སྟོང་གི་སྣད་པ་པོ།། རྡོ་རྗེ་མཆོག་གིས་བསྒྲགས་པའི་དཀྱིལ་འཁོར་ཅན།། ཡོན་ཏན་རྣམ་གྲགས་ཁྱབ་པར་དཀྱིལ་འཁོར་བ།། དགེ་བའི་མཚན་ཉིད་དཔའ་བོའི་རྩིལ་མངའ་བ།། དེ་བཞིན་ཉིད་ཆོས་རོ།
134b6 མཁྱེན་སྤྱོད་ཡུལ་ཅན།། ཅོད་པན་ཐིག་ལེ་དམར་པོའི་དཀྱིལ་འཁོར་ལྡན།། ལྷ་ཆེན་བརྒྱ་མདའ་སུམ་བཅུ་གསུམ་བདག་དབང་།། ལྷ་དང་ལྷ་མིན་དབང་བྱས་རྣམས་ཀྱིས་བཏུང་།། བརྩོན་འགྲུས་བརྒྱ་དང་ལྡན་ཞིང་རྩལ་སྟོང་མངའ།། བསོད་ནམས
134b7 བརྒྱམངའ་མཚོན་ཆ་བརྒྱ་འཆང་བ། ། པད་མ་བརྒྱ་པ་པད་མ་ཉིད་ལས་བྱུང་།། དཀྱིལ་འཁོར་བརྒྱའི་དབུས་ན་མཛེས་པ་སྟེ།། ཆོས་བརྒྱ་ལྡན་པ་མཆོག་སྟོང་སྟོན་པ་པོ།། སངས་རྒྱས་སྟོང་ཕྲག་མང་པོས་ཡོངས་བསྟོད་པ།། བསྐལ་པ་རབ་འབྱམ་མང་པོར
134b8 མཁས་པ་སྟེ། དཀྱིལ་འཁོར་མང་པོ་དག་ན་དཔའ་བའི་སྐུ།། འཇིག་རྟེན་འདས་པའི་མཐུ་མངའ་སྟོན་པ་པོ།། རྒྱ་ཆེན་དྲི་མེད་དཀྱིལ་འཁོར་དབུས་ན་བཞུགས།། རབ་དགའ་བསྒྱིངས་པ་འཐོར་མཛད་མེ་ཏོག་ཐོང་།། ན་བཟའ་དར་དཀར་ལས་ནབས




iiif viewer powered by OpenSeadragon

134a - 135a

Texts on this page

Q320 - 'phags pa spyan ras gzigs dbang phyug gi mtshan brgya rtsa brgyad pa gzungs sngags dang bcas pa