| | e-texts navigator
|
133b1 གསུངས་པ་རྡོ་རྗེ་འཛིན། ། ལེགས་སོ་ཤིན་ཏུ་ཆེར་ལེགས་སོ།། རྒྱུད་འཛིན་རྣལ་འབྱོར་ཅན་ཆེན་དེ།། རྒྱུད་དུ་སྲུང་ཞིང་བློ་འཕེལ་མཛོད།། དེ་སྐད་ཀྱི་ནི་གསུང་ཐོས་ནས།། བྱང་ཆུབ་སེམས་དཔའ་ཉན་ཐོས་དང་།། མཁའ་འགྲོ་མ་མོ
133b2 འཇིག་རྟེན་སྐྱོང་། ། ལྷ་ཀླུ་གནོད་སྦྱིན་དྲི་ཟར་བཅས།། ཐམས་ཅད་ལྡན་པའི་འཁོར་དེ་རྣམས།། དགྱེས་ཏེ་ཐལ་སྦྱར་མངོན་པར་དགའི།། མི་གཡོ་ཐུགས་རྗེའི་ལྕགས་ཀྱུ་བཟུང་བས་འཁོར་བར་བརྩོན་ར་ནས།། ལྷ་ཀླུ་འབུམ་ཕྲག་འཚེ
133b3 བྲལ་དཀར་པོ་དགེ་བའི་ཀུན་སློང་སེམས། ། སྐྱེ་གནས་བྱང་ཆུབ་རིན་ཆེན་ནོར་ཐོབ་མཛད་པས་རྨད་བྱུང་མཚར།། རྒྱས་པའི་ཚུལ་བསྡུས་བསྟན་པའི་ཆོས་འདི་དམན་ལ་ཤིན་ཏུ་གསང་།། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི
133b4 རྟོག་པ་བསྡུས་པ་ལས། ། མངོན་པར་དགའ་བའི་ལེའུ་སྟེ་བཅུའོ།། །། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་རྫོགས་སྷོ།།
133b5 འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ན་མཿསརྦ་བུད་དྷ་བོ་དྷི་སཏྭ་ཏཱ།
133b6 ས་མན་ཏ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ན་ནཱཾ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ།། མ་ཧཱ་བོ་དྷི་ས་ཏྭཱ་ཡ། བཛྲ་སཏྭཱ་ཡ། བཛྲ་བི་པུ་ལཱ་ཡ། པད་མ་ས་མ་བྷ་བཱ་ཡ། པད་མ་ཡོ་ན་ཡེ། ཏདྱ་ཐཱ། ཨོཾ་ཧཱི་ཀ་ར། བཱི་ཀར། པྲཥྞ་ཀར་ཥཛྲ་སཏྭ། བཛྲ་སམ་བྷཱ་བ།
133b7 པད་མ་མས་བྷཱ་བ། པད་མ་སཱ་ག་ར། པད་མ་གོ་ཙ་ར། བར་དྷ་མ་ཧཱ་ཀཱ་རུ་ཎི་ཀ། ཀ་རུ་ཎི་སམ་བྷ་བ། ཧཱཾ་ཧཱཾ། དྷ་ར་དྷ་ར། ད་ར་དར་། བ་ར་བ་ར། མ་ཧཱ་ཀཱ་རུ་ཎི་ཀ་མ་ཧཱ་ཤུད་དྷ་སཏྭ་སྭཱ་ཧཱ།། དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད
133b8 ཀྱིས་ཕྱག་གཡས་པ་བརྐྱང་སྟེ། ། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མགོ་བོ་ལ་བླུགས་ནས་བཀའ་སྩལ་པ།། ཡོན་ཏན་རིན་པོ་ཆེའི་ཕུང་པོ་ཁྱོད་ཀྱིས་གཟུངས་སྔགས་འདི་བཤད་པས་སེམས་ཅན་རྣམས་ལ
iiif viewer powered by OpenSeadragon
133a - 134a