e-texts navigator
Collection
Volume
Page
Wylie

133a1 མཁྱེན་པའི་སྟོབས། ། མི་གཡོ་ཡེ་ཤེས་ཁྲོ་བ་སྟོབས་ཆེན་ཕྱག་འཚལ་ལོ།། ཧཱུཾ་ཡིག་ཧུ་ལུ་སྤྲིན་གདེངས་འབྲུག་སྒྲ་གད་རྒྱངས་ཅན།། ཐབས་དག་པས་ནི་ཡེ་ཤེས་ཆེ་ལ་དབང་ཐོབ་དང་།། འཆི་འཕོ་དང་ནི་གང་ཞིག་སྐྱེ།
133a2 བ་མཁྱེན་པའི་སྟོབས།། ལེགས་པའི་བློ་གྲོས་ཡེ་ཤེས་ཁྲོ་བོ་ཧཱུ~ཾ་མཛད་འདུད།། ཕཊ་སྒྲས་བག་ཆགས་ཀུན་གཏོར་དག་པས་ཤེལ་དང་མཚུངས།། ཡེ་ཤེས་དག་པས་ཆོས་ལ་དབང་ནི་ཐོབ་པ་དང་།། ཟག་པ་ཐམས་ཅད་ཡང་དག
133a3 ཟད་པས་མཁྱེན་པའི་སྟོབས། ། ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཁྲོ་བོ་གནོད་མཛེས་འདུད།། དེ་ནས་ཆོས་རྗེ་ཐུབ་པས་ནི།། ལྗགས་ཀྱི་དབང་པོ་བཀྲམ་བྱས་ནས།། འཛུམ་པ་མཛད་པས་རབ་གཟིགས་ཏེ།། འཁོར་གྱི་དཀྱིལ་འཁོར་ཆེན
133a4 པོའི་དབུས། ། ལག་ན་རྡོ་རྗེ་མཐུ་ཆེན་ལ།། སྙན་པའི་གསུང་གིས་བཀའ་སྩལ་པ།། མཆོག་ཏུ་བརྟན་པར་རབ་བསྔགས་པ།། རྡོ་རྗེ་ཐེག་པ་བླ་ན་མེད།། མི་གང་བསོད་ནམས་དམན་པ་འམ།། མཚམས་མེད་ལ་སོགས་བྱེད་པ་ཡང་།། རྒྱུད
133a5 འདིར་ཞུགས་པའི་དེ་མ་ཐག། གསེར་འགྱུར་གྱི་ནི་རྩི་བཞིན་དུ།། ལོག་རྟོག་མ་ལུས་དག་ནས་ཀྱང་།། རྟོག་མེད་བདེ་བའི་སྐུར་བྱུང་སྟེ།། རྨི་ལམ་བཟང་པོའི་སེམས་བཞིན་དུ།། རྣམ་འཕྲུལ་སྣ་ཚོགས་ཅི་ཡང་སྣང་།། མུ་མཐའ་མེད་པའི་འཁོར
133a6 བའི་མཚོ། ། བསྐལ་པའི་གཟིངས་ཆེན་བླ་མེད་འདི།། ཆག་གསད་མེད་པའི་ཚུལ་དུ་ནི།། ཁྱོད་ཀྱིས་རྟག་ཏུ་གཟུང་བར་བྱ།། ལག་ན་རྡོ་རྗེ་སྟོབས་པོ་ཆེས།། སྟོན་པ་ལ་ནི་འདི་གསོལ་ཏོ།། རྒྱུད་འདི་བྱུང་མ་ཐག་ཏུ་ནི།། གདུལ་དཀའ་བ་ནི་རབ
133a7 ཏུ་ཞི། ། ས་སྟེངས་ནད་དང་གདོན་མུ་གེ། བར་ཆད་གནོད་པ་ཀུན་དང་བྲལ།། སླར་ཡང་བསྟན་པ་འཕེལ་བའི་ཕྱིར།། བརྟན་པོར་བདག་གིས་གཟུང་བར་བགྱི།། དཔའ་བོ་མཁའ་འགྲོ་དྲག་པོ་རྣམས།། ཡིད་ཀྱིས་བརྟུལ་ཞུགས་ཕྱུང་ནས
133a8 ཀྱང་། ། རྒྱུད་འདི་འཛིན་པའི་རྗེས་སུ་འབྲང་།། ལྷ་དང་འཇིག་རྟེན་པ་དང་ནི།། མ་མོ་སྲིན་མ་མཁའ་འགྲོ་མ།། ཤ་ཟ་གནོད་སྦྱིན་སྲིན་པོ་རྣམས།། རྒྱུད་འདི་འཛིན་པ་སྐྱོང་བར་བྱེད།། རྒྱུད་འཛིན་ལོངས་སྤྱོད་སྤེལ་བར་བྱེད།། སྟོན་པས




iiif viewer powered by OpenSeadragon

132b - 133b

Texts on this page

Q319 - 'phags pa rdo rje khro bo'i rgyal po'i rtog pa bsdus pa'i rgyud ces bya ba