| | e-texts navigator
|
305b1 ཡེ་སྭཱཧཱ། ། ཕྱག་བྱ་བའི་གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ།། ཨི་རི་མི་རི། དྷ་ད་མེམ། བྷ་དྲཱ་པ་ལཾ་བྷ་བ་ཏུ་སྭཱ་ཧཱ།། གོས
305b2 ཕྲུགས་གཅིག་ལ་ལན་སོང་བཟླས་བརྗོད་བྱས་ཏེ། མི་ཡ་རབས་སམ། སློབ་དཔོན་ནམ།། གཞན་གང་ཡང་རུང་བ་གཅིག་ལ་བྱིན་ན་ཟླ་བ་ཕྱེད་ཕན་ཆད་ཀྱི་གོས་ཕྲུགས་བརྒྱ་ཐོབ་པར་འགྱུར་རོ།། དེ་བཞིན་དུ་ནོར་ཟས་སམ། རྐང་འགྲོས
305b3 གང་ཡང་རུང་བ་རྣམས་ཀྱང་དེ་དང་འདྲའོ། ། གོས་བརྒྱ་ཐོབ་པའི་གཟུངས་རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཨོཾ་ན་མོ་ཤ་བ་ར་ན་མ་སྭཱ་ཧཱ། སོ་རྩིལ་སྔགས་འདས་བཏབ་སྟེ། ཁར་བཅུག་ན་གང་ལ་བལྟས
305b4 པ་དེ་དག་དགའ་བར་འགྱུར་རོ། ། མི་དགའ་བར་བྱེད་པའི་གཟུངས་རྫོགས་སོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི
305b5 སྨན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ།། ཏདྱཐཱ། ཨ་ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ།། ལག་ས་ཀི་ལི་ཀ་ལི་ཀུ་ལུ་ཀུ་ལུ། བྷ་ར་བྷ་ར
305b6 བྷྲྀ་རི་བྷི་རི། བྷུ་རུ་དྷུ་རུ། བྷ་ཡ་བྷ་ཡ། ཀུ་རུ་ཀུ་རུ། སརྦ་ཀརྨ་ཨ་བ་ར་ཎ་ཛ་ནི་མེ་ཤ་པྲ་བྷ་ཡ་སཱདྡྷ། ཛྭ་ལ་ནེ་བི་དྷ་ནི་བེ་སཱཧཱ། ཀུ་རུ་པ་ཙ་ལི་སྭཱ་ཧཱ། ས་ག་ར། ས་མ་བི་རོ་སཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྞཱི་ཏེ་སྭཱ་ཧཱ། གཟུངས་འདིའི་ཚིག
305b7 ནི་འདི་ཡིན་ཏེ། ནང་བར་ལངས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཞག་ཉི་ཤུ་རྩ་གཅིག་ལོན་པའི་ཚེ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ།། སྤྱན་ལྔ་ཡང་རྣམ་པར་དག་པར་འགྱུར་རོ།། དེ་ལ་མིག་ནད་འབྱུང་བར
305b8 མི་འགྱུར་རོ། ། ལུས་ལ་ནད་འབྱུང་བར་མི་འགྱུར་རོ།། ཡིད་ཀྱི་ཉེས་པ་འབྱུང་བར་མི་འགྱུར་རོ།། སྤྱན་ལྔ་ཡང་རྣམ་པར་དག་པར་འགྱུར། དེ་བཞིན་དུ་ཡིད་རྣམ་པར་དག་པ་ལྔ་ཡང་ཐོབ་པར་འགྱུར་རོ།། ཚེ་རབས་ཐམས་ཅད་དུ་སངས
iiif viewer powered by OpenSeadragon
305a - 306a