e-texts navigator
Collection
Volume
Page
Wylie

305a1 བདུན་བཟླས་བརྗོད་བྱས་ཏེ་འཐུངས་ལ།། དྲོའ་འཟས་འོམ་དང་སྤགས་ཏེ་བཟའ་བ་དེ་ལྟ་བུར་ཞག་བདུན་གྱི་བར་དུ་བྱས་ན་ཉིན་གཅིག་ཀྱང་ཡི་གེ་ཤུ་ལོ་ཀ་སྟོང་ལོབས་པར་འགྱུར་རོ།། ཤུ་ལོཀ་སྟོང་ལོབས་པའི་གཟུངས་སྷོ།
305a2 དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཏདྱཐཱ། ཨོཾ་མུ་ནི་ཀན་ཏེ་མུ་ནི་པྲ་བྷ་སཱ་རེ་སྭཱ་ཧཱ།། བཅོམ
305a3 ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཀྱིལ་འཁོར་བྱས་ཏེ། ཤུ་དག་མཐེ་བོད་ཙམ་བླངས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཟོས་ན་ཐོག་མའི་ཉིན་མོ་ཡི་གེ་ཤུ་ལོ་ཀ་སྟོང་ཀླགས་པ་ཙམ་གྱིས
305a4 ལོབས་པར་འགྱུར་རོ། ། ཞག་གསུམ་ལོན་པའི་ཉིན་མོ་ཤུ་ལོ་ཀ་སུམ་སྟོང་ལོབས་པར་འགྱུར་རོ།། ཞག་བདུན་ལོན་པའི་ཉིན་མོ་ཐོས་པ་འཛིན་པར་འགྱུར་རོ།། བུ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས་རྫོགས་སྷོ།། དཀོན་མཆོག་གསུམ་ལ
305a5 ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། སྨི་ཏི་མ་ཏི་མ་ཏི། ཏེ་ཛཱ་བི་དྷཱ། ཧུ་རུ་མེ་ཧ་ར་ཧུ་རུ་ཀྲིཥྞ་ཧུ་རུ་མེ་སྭཱ་ཧཱ། ཤུ་དག་དཀར་པོ
305a6 ལ་སྔགས་འདི་བཟླས་བརྗོད་བྱས་ཏེ་ཐོས་ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ། ། མི་བརྗེད་པའི་གཟུངས་རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་གྱི་རྟེན་ལ་སྔགས་འདི་ལན
305a7 རེ་བརྗོད་ཅིང་རྐྱང་ཕྱག་རེ་བྱས་ཏེ། ཕྱག་གསུམ་བྱས་ན་སྡེ་སྣོད་གསུམ་ཐོས་པ་དང་། བསམས་པ་དང་། བསྒོམས་པའི་བསོད་ནམས་དང་མཉམ་པར་འགྱུར་རོ་ཉི་མ་རེ་རེར་ཕྱག་གསུམ་གསུམ་བྱས་ན་ཚེ་འདི་ཉིད་ལ་མཐོང་བའི
305a8 ལམ་གྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། ། དེ་མ་ཐོབ་ཀྱི་བར་དུ་མི་དང་མི་མ་ཡིན་པ་དང་། འབྱུང་པོ་དང་། ནད་རིམས་ཀྱི་གནོད་པ་འབྱུང་བར་མི་འགྱུར། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། ན་མོ་སུ་ཤྲཱི་ཡེ། ན་མོ་ཨུད་ཏ་མ་ཤྲཱི




iiif viewer powered by OpenSeadragon

304b - 305b

Texts on this page

Q239 - sh+lo ka stong lobs pa'i gzungs
Q240 - sh+lo ka sum stong lobs pa'i gzungs
Q241 - mi brjed pa'i gzungs
Q242 - phyag bya ba'i gzungs
Q243 - gos brgya thob pa'i gzungs
Q244 - mi dga' bar byed pa'i gzungs