e-texts navigator
Collection
Volume
Page
Wylie

304b1 ལོབས་པར་འགྱུར་ཏེ། ། སྔོན་ལོབས་པ་རྣམས་ཀྱང་བརྗེད་པར་མི་འགྱུར་རོ།། ཤུ་ལོ་ཀ་ལོ་བརྒྱ་ལོབས་པ་རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས
304b2 པསུན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། བཱི་རེ་བཱི་ར། མ་ཧི་ཏི་ཛྲེ། ཏེ་ཛ་མ་ཏཱིཏྟཱ་རཎཱི། ཤྲུ་ཏ་དྷཱ་རཎཱི། ཛ་ཡ་ན་ཏི་བི་ཛ་ཏི་ཏི་དྷཱ་ཎཱི་སྭཱ་ཧཱ།། སྨན་བྲམ་ཧི་ཞོ་གཉིས་ཞིབ་ཏུ་བཏགས་ཏེ། འོ་མའི་ནང་དུ་བསྐོལ་ལ་སྔགས་འདི་ལན
304b3 ཉི་ཤུ་རྩ་གཅིག་བཟླས་ཏེ་ཞག་བདུན་གྱི་བར་དུ་འཐུངས་ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ། ། སངས་རྒྱས་ཀྱིས་གསུངས་པ་འམ། བསྟན་བཅོས་ཀྱང་རུང་སྟེ།། ཐོས་ན་ཉིན་ཞག་གཅིག་ལ་ཤུ་ལོ་ཀ་སྟོང་ལོབས་པར
304b4 འགྱུར་རོ། ། ཤུ་ལོ་ཀ་སྟོང་ལོབས་པའི་གཟུངས་རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཏཿཐཱ། ཏི།
304b5 ཤཱཏྲི་ཤུལ་ཤཱ་ཁི། ཨཱ་རྱཱ་བ་ལོ་ཀ་ཏེ་ཤྭ་རཱ་ཡ། ཨ་ཛྙཱ་བ་ཡ་ཏི། བ་རེ་ན་བུ་ཧ་ལ། སྲིད་དྷཱ་ཏྲ་སྭཱ་ཧཱ།། ཆོ་ག་ནི་འཕགས་པ་སྤྱན་རབ་གཟིགས་དབང་ཐུག་གི་ཞབས་དྲུང་དུ་དཀྱིལ་འཁོར་བྱས་ཏེ་ལམ་ཐོང་བས་བྱས་ལ་ཚུལ་སྔགས
304b6 ཀྱིག་བཏབ་སྟེ་བཞག་ནས། ནང་པར་ཚུལ་ལན་བདུན་བཟླས་བརྗོད་བྱས་ཏེ་དྲོ་ཁར་ཁ་ཟས་འ་མེ་དང་སྤགས་ཏེ་ཟོས་ན་ཞག་བདུན་ལོན་ན་ཉིན་གཅིག་ཀྱང་ཤུ་ལོ་ཀ་སྟོང་ལོབས་པར་འགྱུར་རོ།། ཡིད་ཆེས་པའི་རྟགས་ཡོད་དོ།། ཤུ་ལོ་ཀ
304b7 རྒོང་ལོབས་པའི་གཟུངས་སྷོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སངས་རྒྱས་ཀུན་ནས་ཐོགས་མེད་སྟོན་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕག་ཡུན་ས
304b8 དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཀ་བ་ཙཀ་རྣལ་ལ་ཏེ་སྭཱཏྨ། ཚུལ་ལན་བདུན་བཟླས་ཏེ་གདོང་བཀྲུབ་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། ཚོག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་ཀྱང་ཆུ་བཞགས་ལན།




iiif viewer powered by OpenSeadragon

304a - 305a

Texts on this page

Q234 - shes rab skyed pa zhes bya ba'i gzungs
Q235 - sh+lo ka brgya lobs pa
Q236 - sh+lo ka brgya lobs pa
Q237 - sh+lo ka stong lobs pa'i gzungs
Q238 - sh+lo ka stong lobs pa'i gzungs
Q239 - sh+lo ka stong lobs pa'i gzungs