e-texts navigator
Collection
Volume
Page
Wylie

300b1 དགྲ་དང་ཉེ་ཞོ་མེད་པར་འགྲོ། ། ཡིད་ན་གཞུངས་པར་འདོད་པ་ན།། ཤུ་དག་ཚོན་གང་ཙམ་པ་དང་།། མར་སྲང་སུམ་བརྒྱ་དྲུག་ཅུ་ལ།། བཟླས་བརྗོད་བྱས་ཏེ་བསྲེས་ནས་ཀྱང་།། བུམ་པ་གཅིག་ཏུ་བླུགས་ལ་དཀྲུག། ཉི་མ་རེ་རེ་ལོ་གཅིག་ཏུ།། ཤུ་དག་གི
300b2 ནི་དུ་མ་རེ་དང་། མར་སྲང་དག་ནི་རེ་རེ་ལ།། བཟླས་བརྗེད་རེ་རེ་བྱ་ཞིང་བཟའ།། དེས་ནི་ཡིད་གཞུངས་བློ་ལྡན་འགྱུར།། དེ་བཞིན་པ་ནི་སེར་སྐྱ་མའི།། མར་དང་འོ་མ་དག་ལ་ཡང་། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་དུ།། བཟླས་ཏེའོ་ཐུག་དཀྲུག་ཅིང
300b3 བཟའ། ཡིད་བཞུངས་པའི་མཆོག་ཏུ་འགྱུར།། མི་དང་འགྲོགས་ཤིང་མཛའ་འདོད་ན།། གང་དག་ཡིད་དང་འཐད་པ་ལ།། མེ་ཏོག་དང་དེ་རྩ་ཤིང་ལ།། འབྲས་བུ་འམ་ནི་འཇི་བ་དག། ལག་པ་གཡས་པའི་ཆང་པར་བཅུག། བཟླས་བརྗོད
300b4 བརྒྱ་ནི་རྩ་གཅིག་གདབ། ། གང་གི་ལག་ཏུ་བྱིན་པ་ན།། དེ་དང་རྟག་ཏུ་མཛའ་བར་འགྱུར།། རྟ་ལ་སོགས་པའི་ཕྱུགས་རྣམས་ཀུན།། འཆི་བར་ཉེ་བར་གནས་པ་ན།། ཆུ་དང་ཉུངས་ཀར་བཅས་པ་ལ།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ།། དེ་ལ
300b5 གཏོར་ན་མོས་པར་འགྱུར། ། ཡང་ན་ཉུངས་ཀར་བརྒྱ་བརྒྱད་ལ།། བཟླས་པའི་ཐུམ་པོ་མགུལ་དུ་གདགས།། དེ་ནི་ནད་མ་བདེ་བར་འགྱུར།། མི་རྣམས་འཆི་བས་འཇིགས་གྱུར་ན།། ཉུངས་ཀང་ལ་ནི་བཟླས་བརྗོད་བྱ།། ཐུལ་པོ་བྱས
300b6 སྒོ་ལ་གདགས། བཟླས་བརྗོད་བརྒྱ་སྟོང་འབུམ་ཡང་བཟླས།། མི་ནང་དང་ནི་ཕྱུགས་ན་ད་ཀུན།། མིང་ཡང་མེད་ཅིང་བདེ་བར་འགྱུར།། དེ་དག་ཀུན་གྱིས་བཟླས་བརྗོད་ནི།། འདི་དག་ཀུན་དུ་རྒྱ་ཆེར་གསུངས།། ན་མོ་རད་ན་ཏྲ་ཡཱ་ཡ།
300b7 ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏེཥྛ་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ན་རོ་དྷ་ཨེ་བཾ་བཱ་ཏཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ།། རྟག་ཏུ་བཟླས་བརྗེད་བྱས་ན་ནི།། བསམ་པ་ཡོངས་སུ་རྫོགས་པར་འགྱུར།། གནོད་པ་ཅིས་ཀྱང་ཚུགས་མི་འགྲུབ
300b8 དམ་ཆོས་ཡོངས་སུ་གཟུང་བར་འགྱུར། ། ཚིགས་སུ་བཅད་པ་འདི་དག་ནི།། མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ།། ཆོ་ག་འདི་དག་ཐམས་ཅད་ནི།། གང་ལ་དད་པས་ཡིད་ཆེས་ན།། འགྲུབ་པར་ཐེ་ཚོམ་མེད་པར་འགྱུར།། བཟླས་བརྗོད




iiif viewer powered by OpenSeadragon

300a - 301a

Texts on this page

Q220 - 'phags pa rten cing 'brel bar 'byung ba'i snying po'i cho ga'i gzungs