| | e-texts navigator
|
300a1 སེར་བ་གང་ནས་གཡོ་ངོས་སུ། ། ཀླད་ལ་བསྐོར་ཞིང་བྱབས་ན་འཆང་།། ཡང་ན་ཐལ་ཆེན་ཉུངས་ཀར་ལ།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ།། ཐུམ་པོ་བྱས་ཏེ་ལྐུག་མ་ཡ། ཏགས་ཏེ་བཙུགས་ན་སེར་བ་འཆད།། འབྱུང་པོ་ཤ
300a2 ཟ་ཡི་དགས་དང་། བརྗེད་ཟེད་གདོན་གྱིས་ཟིན་པ་ལ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། བུམ་པ་གཙང་མ་ལྔ་བཞག་སྟེ།། གུ་གུལ་དུད་པས་བདུགས་ནས་ཀྱང་།། ཉུངས་ཀ་ར་ག་པུར་ཙན་དན་དང་།། གླ་རྩི་ལ་སོགས་སྨན
300a3 སྦྱར་ཏེ། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་ཟླས།། གོས་དང་ཟས་ནི་དཀར་པོ་སྦྱར།། དཀྱིལ་འཁོར་དེའི་ནང་དུ་གཞུག། བུམ་པའི་ཆུ་ཡིས་བཀྲུ་བར་བྱ།། སངས་རྒྱས་སུ་བིས་ལ་བྱས་པའི་ཆུས།། བཀྲུ་ཞིང་བླུད་ན་རབ་ཏུ་ཕན།། ནད་དང
300a4 གནོད་པ་ཀུན་ལས་ཐར། ། འབྱུང་པོ་བརྗེད་བྱེད་ཤ་ཟ་ཡིས།། གླགས་ཀྱང་རྙེད་པར་མི་འགྱུར་རོ།། བྱིས་པའི་གདོན་གྱིས་འཇིགས་པ་ལ།། འགི་ཧང་ལ་ནི་སྔགས་བཟླས་ནས།། སྙིང་པོ་སྟོབས་ཆེན་འདི་བྲིས་གདགས།། ཨོཾ་བཛྲ་ཀྲོདྷ
300a5 མ་ཧཱ་བ་ལ་ཧ་ན། ད་ཧ་པ་ཙ་བི་དྷྭན་ས་ཧ། ཛ་ཏི་ལ་ལཾ་བྷོ་དྷ་ར། ཨུ་ཙཱཥྨ་ཀྲོ་དྷ་ཧཱུཾ་ཕཊ་སྭཱ་ཧཱ།། གཙང་སྤབས་ཏེ་མགུལ་བར་གདགས།། དེ་བཞིན་ཉུངས་དཀར་དག་ལ་ཡང་།། བཟླས་བརྗོད་བྱས་ཏེ་བཏུམས་ལ་གདགས།། མཁའ་འགྲོ
300a6 གདོན་གྱིས་ཟིན་པ་ན། ཉུངས་དཀར་དང་ནི་གུ་གུལ་ལ།། སྔགས་གཉིས་ལན་ནི་བདུན་བདུན་བཟླས།། དུད་པས་བདུགས་ན་འཚོ་བར་འགྱུར།། དེ་ལ་ཐེ་ཚོམ་མི་ཟའོ།། བྱིས་པ་གདོད་དང་ནད་ལས་ཐར།། བུད་མ་དབུས་ནི་ཐོགས
300a7 འགྱུར་ན། རྡུལ་བཟླས་བརྗོད་ལྔ་བདུན་བྱས།། བྲང་ན་ལེགས་པར་བཙའ་བར་འགྱུར།། བུད་མེད་མོ་ཤམ་བུ་མེད་ལ།། སངས་རྒྱས་སྐུ་བསིལ་བྱས་པའི་ཆུ།། དེ་ལ་བཟླས་བརྗོད་ཉི་ཤུ་བྱ།། ཁྲུས་བྱས་ལ་ནི་གཙང་མ་ལ།། ཆུ་དབྱུང
300a8 དབུ་ཆ་འཕེར། ། རིགས་རྒྱུད་དག་ནི་འཕེལ་བར་འགྱུར།། ལབ་དུ་ཞུགས་ཏེ་འགྲོ་བ་ན།། སྐུད་པ་དང་ནི་གོས་ཀྱི་གྲཝར།། བཟླས་བརྗོད་བདུན་བཟླས་མདུད་པ་བདུན།། བདུད་ཅིང་བཟླས་ཏེ་སོང་བ་ན།། བདེ་བར་འགྲོ་ཞིང་དོན་ཡང་འགྲུབ
iiif viewer powered by OpenSeadragon
299b - 300b