e-texts navigator
Collection
Volume
Page
Wylie

299b1 པའི་སྨན་རྣམས་ལ། ། བཟླས་ཤིང་བཏང་ན་འཚོ་བར་འགྱུར།། གཡན་པ་དང་དེ་འབུམ་བུ་དང་།། པོལ་མེག་དང་ནི་མ་དང་ལ།། གྲོག་ཚངས་ལ་སྙིང་པོ་འདི།། མདང་བཟླས་ཏེ་བཏབ་ན་འཚོ།། གཞང་འབྲུ་བ་གཞང
299b2 ནད་ཟ་འུ་དང་ལོ་མཚན་སྲུང་ཞིང་ན་བ་ལ། ། སྐྱེར་བའི་ཁ་འདིའི་རི་ལུ་འམ།། བྱང་ཆུབ་སེམས་དཔའི་རི་ལུ་ལ།། ཉི་ཤུ་བཟླས་ཤིང་བསྡུས་ན་ཕན།། ནད་ཀྱི་རྣམ་པ་གང་ན་ཡང་།། ནད་ཚབས་ཆེ་ཆུང་ཚོད་བརྟགས་ནས།། ཚིགས།
299b3 སུ་བཅད་པའི་བཟླས་བརྗོད་ལ།། མང་ཉུད་ན་དང་སྦྱར་ནས་ཀྱང་།། ལུས་ལ་བྱབ་ཅིང་བཟླས་ནཱ་པན།། ཟླ་བ་གནད་ཀྱིས་བཏབ་བ་ལ།། སྨན་ནམ་རེ་ལུ་ཁ་ཟས་ལ།། བདུན་ནམ་ཉི་ཤུ་བཟླས་ནས་ཀྱང་།། ཁོང་དུ་བཏ་ན་ཕན་པ་།
299b4 འགྱུར། དེའི་བཟླས་བརྗོད་སྔ་མ་སྟེ།། འདི་དག་རབ་ཏུ་བཟླས་པར་བྱ།། ན་མོ་རད་ན་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བ་ཧེ་ཏུན་ཏེ་ཥཱཾ་ཏ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་པཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ།། དེ་དག་བ་ཟླས་ནང
299b5 རྣམ་འཚོ། ། དེ་ནི་ནད་རྣམས་འཚོ་བའོ།། དེ་ནས་ཡང་ནི་བཀའ་སྩལ་པ།། ནས་དང་གྲོ་དང་སྲན་མ་དང་།། འབྲས་དང་སྲན་ཆུང་མོན་སྲན་དང་།། ཤིང་ཏོག་དགུན་འབྲུམ་ཨ་རུ་ར།། དེ་དག་ཀུན་ལ་ཟ་བ་ཡི།། སྲིན་བུ་སྲུར་བུ་ཕྱེ་མ
299b6 ལེབ། བྱེའུ་དང་བྱི་བ་ནེ་ཙོ་དང་།། ལེ་ཏོག་ཟ་བ་ཁ་བཅིང་ན།། ཞིང་གི་ཁྱོན་དང་སྦྱར་ནས་ཀྱང་།། ཕྱེ་མ་ས་དང་ཐལ་བ་ལ།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས།། ཞིང་དང་ཤིང་ཏོག་གཏོར་བྱས་ན།། དེ་དག་ཀུན་ཀྱང་ཁ་བཅིངས
299b7 འགྱུར། ཧ་ཅང་ཆར་པ་ཆེས་པ་ན།། བཅོམ་ལྡན་འདས་ལ་ཕུལ་བ་ཡི།། མེ་ཏོག་དམན་མ་རེ་རེ་ལ།། བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱ།། གཙང་ཞིང་བདེ་བའི་གནས་དག་ཏུ།། དཀྱིལ་འཁོར་ཆེན་པོའི་དབུས་དག་ཏུ།། བུམ་པ
299b8 གང་བའི་སྟེང་དག་ཏུ། ། ཁམ་ཕོར་གཙང་མའི་ནང་དུ་ཡང་།། མེ་ཏོག་གཙང་མ་བཟླས་པ་དེ།། བསྲེགས་ན་ཆར་པ་འཆད་པར་འགྱུར།། ས་རབ་དྲག་པོ་འོད་བ་ན།། སེ་བ་ཉ་མིག་ལྕུག་མ་ལ།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས




iiif viewer powered by OpenSeadragon

299a - 300a

Texts on this page

Q220 - 'phags pa rten cing 'brel bar 'byung ba'i snying po'i cho ga'i gzungs