e-texts navigator
Collection
Volume
Page
Wylie

299a1 སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། ཡར་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་བཞུགས་པ་ལ་ཕྱག་འཚལ་ལོ།། རང་སངས་རྒྱས
299a2 རྣམས་ལ་ཕྱག་འཚལ་ལོ། ། དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ།། རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ།། བརྟུལ་ཞུགས་གྲུབ
299a3 པ་རྣམས་ལ་ཕྱག་འཚལ་ལོ། ། སེམས་ཅན་གྱི་སྨན་པ་རྣམས་ལ་ཕྱག་འཚལ་ལོ། ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ན་མོ་ར་ད་ན་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨྨ་ཧེ་ཏུ་པྲ་བྷ་བྲ་ཧེ་ཏུན་ཏེ་ཥཱཾ་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེཥཱཉྩ
299a4 ཡོ་ན་རོ་དྷ་ཨེ་བེ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱཧཱ། ། ལས་རྣམས་ཀུན་གྱི་ཆོ་ག་ལ།། ཚིགས་སུ་བཅད་པ་འདི་དག་བརྗོད།། བསམ་རྒྱུད་རང་གི་ལག་མཐིལ་ལ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ།། སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན
299a5 དཔེ་བྱད་བཟང་པོ་བརྒྱད་བཅུས་སྤྲས། ། མེའི་ཁམས་ལ་ཞུགས་པ་བསྒོམ།། དེ་ནི་ལྷ་དག་རྗེས་སུ་དྲན།། དེ་ནི་སྦྱོར་བའི་ལས་བཤད་དེ།། རིམ་པ་བཞིན་དུ་སོ་སོར་བསྟན།། རིམས་ཀྱིས་བཏབ་ནས་ན་བ་དང་།། ཀླད་པ་ན་ང་མིགནང
299a6 དང་། ཁོང་ནད་ལ་སོགས་ནད་རྣམས་ལ།། ཚིགས་བཅད་འདི་དང་སྙིང་པོ་འདི།། མང་པོར་བཟླས་ཤིང་ལངས་ནས་ནི།། ལག་པ་གཡས་པའི་ཁུ་ཚུར་གྱིས།། བྱུག་པའི་ཐབས་སུ་བྱབ་པར་བྱའོ།། ནད་རྣམས་ཐམས་ཅད་སོས་པར
299a7 འགྱུར། ཉིན་ཅིག་ཉེན་གཉིས་ཉིན་གསུམ་དང་།། ཉིན་བཞི་རྟག་པའི་རིམས་རྣམས་ལ།། བུ་མོ་གཞོན་ནུས་བཀལ་བ་ཡི།། སྲད་པ་དཀར་པོ་སུམ་སྦྲེལ་ལ།། བཟླས་བརྗོད་ཉི་ཤུ་བརྒྱད་བཟླས་ནས།། མགུལ་དུ་བཏགས་ན་བདེ་བ
299a8 ནང་ལ་ཕན་པའི་སྨན་རྣམས་ལ། ། གཟུངས་སྔགས་འདི་དག་བཟླས་ཤིང་བཏང་།། སྙིད་ན་རྩེབ་ལོབ་ན་པ་དང་།། བོད་ནནད་རྣམས་ཅི་ཡོད་ལ།། ཚུལ་སྔགས་འདི་མང་བཟླས་ནས།། བླུང་ན་བན་ཞིང་བདེ་བར་འགྱུར།། ནད་ལ་པཿ




iiif viewer powered by OpenSeadragon

298b - 299b

Texts on this page

Q220 - 'phags pa rten cing 'brel bar 'byung ba'i snying po'i cho ga'i gzungs