| | e-texts navigator
|
298b1 མཐོར་རྟེན་དང་སྐུ་གཟུགས་བཏབ་པའི་ཡོན་ཏན་ནི་ཇི་སྐད་དུ། ། མཆོད་རྟེན་ཆོ་ག་དམ་པ་འདི།། བསོད་ནམས་བགྱིས་པའི་ཁྱད་པར་ནི།། གཟུངས་འདི་བཟླས་པའི་མཆོད་རྟེན་གྱིས།། གཅིག་བཏབ་བྱེ་བ་བཏབ་དང་འདྲ།། ཡུ་ནི་རིང་དུས་ནས
298b2 འོར་བ་ཡི། མཚམས་མེད་ལྔ་དང་སྡིག་དཔུད་རྣམས།། ཇི་སྙེད་ཡོད་པ་མ་ལུས་འབྱང་།། ཚེ་རིང་ཕུན་སུམ་ཚོགས་པར་འགྱུར།། ཚེ་རབས་གཞན་དུ་སྐྱེ་བ་ན།། རིགས་མཆོག་དམ་པར་སྐྱེས་ནས་ཀྱང་།། ལོངས་སྤྱོད་མཆོག་དང་རབ་ལྡན
298b3 ཞིང་། འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ།། ཚེ་རབས་སྔ་ཕྱི་དྲན་པར་འགྱུར།། དུས་གསུམ་འཇིག་རྟེན་ཐམས་ཅད་དུ།། དཀོན་མཆོག་གསུམ་དང་མི་འབྲལ་ཞིང་།། བགེགས་དང་གནོད་པས་དེ་མི་བསྐྱོད།། བསམ་པ་ཡོངས་སུ་འགྲུབ།
298b4 པར་འགྲུ་སྲ་མཐར་ནི་མངོན་པར་འཚང་རྒྱའོ།། བི་མ་ལ་ཨུཥྞཱི་ཥའི་གཟུངས།། རྫོགས་སྷོ།། །། ། རྒྱ་གར་སྐད་དུ། ཨཱརྱ་པྲཏཱི་ཏྱ་ས་མུད་པཱ་ད་ཏྲི་ད་ཡ་བི་དྷི་དྷཱ་ར་ཎི།། བོད་སྐད་དུ།། འཕགས་པ་རྟེན་ཅིང་འབྲེལ་བར
298b5 འབྱུང་བའི་སྙིང་པོའི་ཚེ་གའི་གཟུངས། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཆོས་གང་རྒྱས་པ་བྱུང་དེ་དག་ནི།། རྒྱུ་ལས་འགོག་པ་གང་ཡིན་པ།། དེ་བཞིན་གཤེགས་པས་བཀའ་སྩལ་ཏེ།
298b6 དེ་སྐད་གསུངས་པ་དགེ་སྦྱོང་ཆེ།། ཚིག་འདི་སྒྲུབ་པའི་ཆོ་ག་ནི།། སེམས་ཅན་རྣམས་ལ་ཕན་བྱེད་པ།། ལས་ཀུན་གྲུབ་པར་བྱེད་པའི་ཕྱིར།། དེ་བཞིན་གཤེགས་པས་རབ་ཏུ་གསུངས།། རིགས་ཀྱི་བུ་དག་གང་གིས་ནི།། དང་པོར
298b7 བཅོམ་ལྡན་སངས་རྒྱས་ལ། ། གུས་ཤིང་དད་པའི་སེམས་བསྐྱེད་ནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྟེན་འབྲེལ་ཟབ་མོའི་ཆོ་ག་བཤད།། ཐམས་ཅད་ལས་དང་འཐུན་པར་གསུངས།། དང་པོར་འཇུག་པའི་ཚིག
298b8 གསུངས་པ། ། འདི་ལྟར་ལས་དང་ཉོན་མོངས་ཡོད་པར་ན།། སེམས་ཅན་རྣམས་ནི་འཁོར་བར་འགྲོ་འགྱུར་ལ།། ལས་དང་ཉོན་མོངས་མེད་ན་འཁོར་བ་ལས་ཀྱང་ལྡོག། བདེན་པ་འདི་ཡིས་བདག་གི་བསམ་པ་གྲུབ་གྱུར་ཅིག།
iiif viewer powered by OpenSeadragon
298a - 299a