| | e-texts navigator
|
298a1 ཆུའི་ནང་དུ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་འོད་ཟེར་གྱིས་སྤོས་ཆུ་ཉིད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པར་དགོངས་ཤིང་དམིགས་ཏེ། མཆོད་པ་འབུལ་བའི་རིག་པ་ཆེན་པོ་འདི་བརྗོད་པར་བྱའོ།།
298a2 ཨོཾ་ཨ་མྲི་ཏེ་ཨ་རྒ་ས་པྲ་ཏིཙྪ་སྭཱ་ཧཱ། ཞེས་བཟླས་ནས་དབུའི་སྤྱི་བོར་ལན་གསུམ་དུ་བདུགས་ཤིང་སྤངས་ཏེ་ཕུལ་བས།། འཕགས་པ་ཐམས་ཅད་མཉེས་པར་འགྱུར་རོ།། ཚིག་ཏུ་ཡང་འཕགས་པ་ཐམས་ཅད་མཉེས་པར་གྱུར
298a3 ཅིག་ཅེས་ཀྱང་བརྗོད་དོ། ། དེ་ནས་ཕྱག་རྒྱའི་རྒྱ་མཚོའི་སྤྲིན་གྱིས་དབུའི་གཙུག་དུ་བཀྲམ་སྟེ་ཡེ་ཤེས་ཀྱི་སྐུའི་ནང་དུ་འདུས་ཤིང་ཕུན་སུམ་ཚོགས་པའི་དབང་ཐམས་ཅད་བསྲུང་བར་དམིགས་སོ།། དེ་ནས་བི་མ་ལ་ཨུཥྞཱི་ཥའི་གཟུངས
298a4 འདི་ཀླག་ཅིང་ལན་ཅི་མང་དུ་བརྗོད་པར་བྱས་ནས་བསྔོ་བ་དང་སྨོན་ལམ་རྒྱས་པར་གདབ་པར་བྱའོ། ། ཚིག་འདི་བཞིན་དུ་རྫོགས་པར་བྱ་བ་མི་བདེན་རང་གི་ལྷ་ཉིད་ཀྱི་ཏོང་ངེ་འཛིན་གྱིས་སྐུར་བསྒྱུར་བ་ལས་དགོངས་པས་རྣསས་པ་བྱ་སྟེ།
298a5 མ་ན་དང་མཆོད་པའི་ཡོ་བྱད་ལ་སོགས་པ་ཐམས་ཅད་རང་བཞིན་གྱིས་ཆོས་ཀྱི་དབྱིངས་རྣམ་པར་དགོངས་ཏེ། མཆོད་རྟེན་བཏབ་ན་ཡང་ཆོ་ག་རྒྱས་པར་བྱ་བ་དང་འདྲ་སྟེ་འགལ་བ་མེད་དོ།། དེ་བཞིན་དུ་མ་གྱུར་ན་ཡང་བི་མ་ལ
298a6 ཨུཥྞཱི་ཥའི་གཟུངས་འདི་ཀློག་པ་དང་འཛིན་པ་དང་ཡི་གེར་འདྲི་ཞིང་འཆང་བས་མཆོད་རྟེན་བཏབ་ན་ཆོ་ག་རྒྱས་པར་མཛད་པ་ཉིད་འདི་ཡིན་ཏེ། མཆོད་རྟེན་དེ་བཞིན་གཤེགས་པའི་སྐུར་བསྐུར་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར
298a7 བྱེད་པར་འགྱུར་རོ། ། བི་མ་ལ་ཨུ་ཥྞཱི་ཥའི་གཟུངས་འདི་མ་བརྗོད་ན་མཆོད་རྟེན་ལ་མཆོད་པ་བུལ་ཞིང་མདའ་གསོལ་ཡང་མངའ་ཕུལ་བར་མི་འགྱུར་རོ།། གཞུང་ལས་ཀྱང་འདི་སྐད་ཅེས་འབྱུང་ངོ་།། རིག་སྔངས་གསང་སྔགས་ཐམས
298a8 ཅད་ཀྱི་སྔགས་ཀྱི་རང་བཞིན་མི་གསལ་ཞིང་། དགོངས་པའི་ཏིང་ངེ་འཛིན་མི་གསལ་བས།། མཆོད་རྟེན་ལ་སོགས་སྐུ་གཟུགས་རྣམས་བཏབ་ཀྱང་རྫོགས་པར་ཡོད་མི་འགྱུར་ཞེས་འབྱུང་ངོ་།། གང་ཞིག་གསང་སྔགས་དང་དགོངས་པར་ལྡན
iiif viewer powered by OpenSeadragon
297b - 298b