| | e-texts navigator
|
297a1 འདི་བརྗོད་པར་བྱ་སྟེ་ཧཱུཾ་གྲཱ་ཏ། ཞེས་ལ་རགསུམ་བཟླས་པ་དེ་ཉིད་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་རབ་ཏུ་འབར་བས་གནས་དེ་དག་གི་རྟོག་པ་རྣམ་པར་སྦྱངས་ཏེ། དཀྱིལ་འཁོར་གྱི་གཞི་དེ་ཉིད་རིན་པོ་ཆེ་སྣ་ལྔ་ལས་གྲུབ
297a2 པའི་དཀྱིལ་འཁོར་དུ་འགྱུར་རོ། ། དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ།། དེ་ནས་དཀྱིལ་འཁོར་ལེའུ་ཚེ་ལྔའམ་བརྒྱའམ་སྟོང་ངམ་གང་བྲེས་པའི་དབུས་རྣམས་སུ་ཡི་གེ་ཨ་དཀར་པོ་གནས་པ་ལས་རེག་པ་ཆེན་མོའི་སྔགས་འདི་བརྗོད
297a3 པར་བྱ་སྟེ། ཨོཾ་ཨ་ཙན་དྲ་མཎ་ཌ་ལ་ཧཱུཾ་ཕཊ་ཅེས་གྲངས་ཇེ་ཙམ་རན་པར་བཟླས་ན་མཆོད་རྟེན་གྱི་གདན་ཟླ་བའི་དཀྱིལ་འཁོར་རེ་རེར་འགྱུར་རོ།། དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ།། དེ་ནས་མཆོད་རྟེན་གྱི་ཆོ་ག་མཛད་པའི་ཚེ་བ་ཤར
297a4 ནུབ་གང་བདེར་བལྟས་ལ། བདག་ཉིད་རྡོ་རྗེ་འཛིན་པའི་སྐུ་ཕྱག་རྒྱ་ཆེན་པོར་ཏིང་ངེ་འཛིན་གྱིས་བསྐུར་ཏེ། སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟད་དུ་རྡོ་རྗེ་རྩེ་ལྔ་པ་ཡེ་ཤེས་ཀྱི་འོད་དཔུང་འཕྲོ་བ་གནས་པར་བྱས་ལ། སྐུ་དང་བ་སྤུའི། སབ
297a5 ཐམས་ཅད་ནས་ཀྱང་ཡེ་ཤེས་ཀྱི་འོད་ཟེར་དང་། སངས་རྒྱས་ཀྱི་དཀྱིལ་འཁོར་དང་བཅས་པའི་སྤྲིན་ཕུད་བཞིན་དུ་མཐར་འབྱམ་ཀླས་པར་འཕྲོས་ཤིང་སེམས་ཅན་གྱི་ཁམས་ཐམས་ཅད་དུ་བྱིན་གྱིས་བརླབས་ཤིང་དོན་མཛད་ནས་སླར་སྐུའོ།།
297a6 ནང་དུ་ཐིམ་པར་འགྱུར་ཏེ། དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ།། དེ་ནས་མཆོད་རྟེན་གྱི་གཞལ་ཡས་ཁང་བསྐྱེད་པ་ནི་མཆོད་རྟེན་དཀྱིལ་འཁོར་དུ་གཞག་པ་ལ་རྡོ་རྗེ་དབྱིངས་མའི་ཕྱག་རྒྱ་བཅིངས་ནས་མཆོད་རྟེན་གྱི་སྟེང་དུ་རེག་པར
297a7 བྱས་ལ་རིག་པ་རེ་ན་མོའི་སྔགས་འདིས་རྗོད་པར་བྱའོ། ། ཨོཾ་བཛྲ་དྷཱ་ཏུ་ཨ་དྷི་ཏི། ཧཱ་ནས་བཟླས་ཏེ་བྱིན་གྱིས་བརླབས་པས་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་གི་ནང་ན་རིན་པོ་ཆེའི་ས་གཞི་དང་། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི
297a8 སྟེང་ན་ཟླ་བའི་གདན་གྱི་རབས་ན་མཆོད་རྟེན་བཞུགས་པར་འགྱུར་རོ། ། དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ།། དེ་ལྟར་དུ་མཆོད་རྟེན་རེ་རེ་བཏབ་སྟེ། གཞག་ནས་དེ་ལ་མཆོད་པའི་རྣམ་པས་མཆོད་ནས་ནི་སེང་གེའི་རྒྱལ་མཚན་དང
iiif viewer powered by OpenSeadragon
296b - 297b