| | e-texts navigator
|
296b1 ཆག་ཆག་བཏབ་སྟེ་རབས་དང་ཕྱོགས་བཞིར་མཆོད་རྟེན་བཞུགས་པའི་ས་ཀུན་དུ་གུར་ཀུམ་དང་། ཙན་དན་གྱི་ཆུས་ཟླུམ་པོར་བསྡུས་ལ། སྲ་དབུས་ཐིག་བཏབ་ལ་དཀྱིལ་འཁོར་བྲི་བར་བྱ་སྟེ། དཀྱིལ་འཁོར་བྲི་བ་ཡང་མཆོད་རྟེན་ལྔར
296b2 བཏབ་ན་དཀྱིལ་འཁོར་ཕྱོགས་བཞི་དབུས་དང་ལྔར་བྲི་བར་བྱའོ། ། དེ་བཞིན་དུ་མཆོད་རྟེན་གྱི་གྲངས་བརྒྱའམ། སྟོང་གར་བཏབ་པ་དེའི་གྲངས་ཀྱི་མཆོད་རྟེན་གྱི་ཤོད་ཚད་ཀྱི་དཀྱིལ་འཁོར་རེའུ་མིག་རྡོ་རྗེ་དྲ་བའི་ཐིག་གིས་གཅད་པར་བྱའོ།།
296b3 མཆོད་རྟེན་བཞག་པའི་ས་གཞི་ཐམས་ཅད་པད་མ་འདབ་མ་བརྒྱད་པར་བྲི་བར་བྱའོ།། དེ་ནས་མཆོད་རྟེན་གྱི་དཀྱིལ་འཁོར་དུ་བཞུགས་པའི་ཚེ། རིག་པ་ཆེན་པོའི་སྔགས་འདི་བརྗོད་ལ་བཞུགས་སུ་གསོལ་ལོ།། ཨོཾ་སུ་པྲ་ཏིཥྛ་སྭཱ་པེ
296b4 སྭཱ་ཧཱ། ཞེས་ལན་གསུམ་བཟླས་ཏེ་མཆོད་རྟེན་བཞག་ན་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྤྱོད་པར་འགྱུར་རོ།། དེ་ནས་མཆོད་རྟེན་དགོད་པའི་རིམ་པ་ནི་དང་པོ་དབུས་སུ་དགོད། དེ་ནས་ཤར་དུ་དགོད་དེ་ནས་ལྷོར་དགོད
296b5 དེ་ནས་ནུབ་ཏུ་དགོད། དེ་ནས་བྱང་གི་བར་དུ་རིམ་པ་བཞིན་དུ་དགོད་པར་བྱའོ།། དགོད་པའི་ཚེ་རིག་པ་ཆེན་པོའི་སྔགས་འདི་བརྗོད་པར་བྱའོ།། ཨོཾ་བཛྲ་པ་དམ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་ལ་རྡོ་རྗེ་དང་པད་མའི་གདན་ལ
296b6 བཞུགས་སུ་གསོལ་ཞེས་བྱས་ལ་ས་གཞི་དང་། ནམ་མཁའི་ཁམས་དང་། རྒྱ་མཚོའི་འཛིངས་ཐམས་ཅད་མཆོད་རྟེན་གྱི་གང་བར་ཡིད་ཀྱིས་ཀྱང་དམིགས་སོ།། གཞན་ཡང་མཆོད་རྟེན་རེ་རེ་བཏབ་ནས་ཐལ་བྱུང་དཀྱིལ་འཁོར་སྟེར
296b7 དུ་བཞུགས་ལ་སྤོས་དང་མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔས་མཆོད་ཅིང་བཞུགས་སུ་གསོལ། ། མཆོད་རྟེན་གྱི་ཁ་དོག་ལ་སོགས་པ་བསྡུ་བ་ནི་ཞི་བའི་དཀར་པོ། རྒྱས་པའི་སེར་པོ་དབང་དམར་པོ་བསྲུང་བ་ལྗང་ཀུར་དམིགས
296b8 ཏེ། ན་བཟའ་ཡང་དེ་དེ་བཞིན་དུ་གསོལ་ལ་ཡིད་ཀྱིས་ཀྱང་དེ་བཞིན་དུ་དམིགས་སོ།། དེ་ནས་མཆོད་རྟེན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་སྟེ། དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་རཾ་དམར་པོ་གནས་པ་ལས་རིག་པ་ཆེན་མོའི་སྔགས
iiif viewer powered by OpenSeadragon
296a - 297a