| | e-texts navigator
|
296a1 སྙིང་པོ་གང་ནས་བྱུང་བས་ཀྱང་མཆོད་རྟེན་བཏབ་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འབྲེལ་བ་ལས་ཆོས་ཀྱི་སྐུའི་མཆོད་རྟེན་འབྱམ་ཀླས་པར་འགྱུར་རོ། ། དེ་ནས་མཆོད་རྟེན་པོར་བུའི་ནང་ནས་འབྱུང་བའི་རིག
296a2 པ་ཆེན་མོའི་སྔགས་འདི་བརྗོད་ལ་དབྱུང་ངོ་། ། ཨོཾ་དྷརྨ་དྷཱ་ཏུ་ཡེ་སྭཱ་ཧཱ། དྷརྨ་དྷཱ་ཏུ་གར་བྷེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ཏེ་མཆོད་རྟེན་ཕྱུ་ངན་ཐབས་དང་ཤེས་རབ་གཉིས་སུ་མེད་པ་འབྲེལ་བ་ལས་མཆོད་རྟེན་ཆོས་ཀྱི་སྐུ
296a3 འབྱམ་ཀླས་པ་འབྱུང་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་ཕུན་སུམ་ཚོགས་པར་མཛད་པར་འགྱུར་རོ།། དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ།། དེ་ནས་མཆོད་རྟེན་སྣོད་ནས་ཕྱུར
296a4 བ་ལ་འཁོར་ལོ་གཟུགས་པའི་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱའོ། ། ཨོཾ་པྲ་མ་ན་ཡེ་སྭཱ་ཧཱ། ཞེས་བཟླས་ནས་འཁོར་ལོ་བཙུགས་ན་རིན་པོ་ཆེའི་གདུགས་དང་། རིན་པོ་ཆེའི་རྒྱལ་མཚན་དང་རིན་པོ་ཆེའི་ཤར་བུ་དང་དར་གྱི་ལྟབ
296a5 ལྦུབ་ལ་སོགས་པ་རྣམས་ཀྱིས་རྒྱན་ཏེ། མྱ་ངན་ལས་འདས་པའི་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་ཏེ། འགྲོ་བའི་དོན་ཡིད་བཞིན་དུ་མཛད་པར་འགྱུར་རོ།། དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ།། དེ་ནས་མཆོད་རྟེན་ན་བཟའ་གསོལ་བའི
296a6 ཚེ་རིག་པ་ཆེན་མོ་འདི་བཟླས་ལ་གསོལ་ལོ། ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུད་དྷེ་དྷརྨ་ཏེ་སྭཱ་ཧཱ། ཞེས་ལན་མང་དུ་བཟླས་ཏེ་བཏབ་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་དང་ལྡན་པར་འགྱུར་རོ།། དེ་ནས་མཆོད་རྟེན་བཏབ་པའི་དཀྱིལ་འཁོར
296a7 མཆོད་རྟེན་ལྔར་བཏབ་ན་དཀྱིལ་འཁོར་ཡང་ཕྱོགས་བཞི་དབུས་དང་ལྔར་བྲི་བར་བྱའོ། ། དེ་བཞིན་མཆོད་རྟེན་གྱི་གྲངས་བརྒྱའམ། སྟོང་དམ་གང་བཏབ་པ་དེའི་གྲངས་དང་མཆོད་རྟེན་གྱི་ཤོད་ཚད་ཀྱི་དཀྱིལ་འཁོར་གྱི་རེ་མིག་རྡོའི
296a8 སྔགས་བུ་བརྩིགས་པ་ནི་ས་འམ་རྡོ་འམ། ཤིང་ལ་སོགས་པ་ལ་དཀྱིལ་འཁོར་གྲུ་བཞིར་གྱིས་ཏེ། འོག་གི་པྲི་ཡང་སེ་གེའི་ཁྲི་འམ་རིན་པོ་ཆེའི་ཁྲི་འམ། པད་མའི་ཁྲིསྟངས་སུ་བྱས་ལ་དེའི་སྟེང་དུ་འགོམ་ཡང་དང་སྤོས་ཆ
iiif viewer powered by OpenSeadragon
295b - 296b