e-texts navigator
Collection
Volume
Page
Wylie

295b1 ཀྱིས་མི་ཁྱབ་པའི་རྒྱུ་རྐྱེན་དང་ལྡན་པར་འགྱུར་རོ། ། དེ་ལྟར་གྱིས་ཀྱང་དམིགས་སོ།། དེ་ནས་འབི་འབི་བྱེད་པའི་ཚེ་རིག་པ་ཆེན་མོ་འདི་བརྗོད་པར་བྱ་སྟེ། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ཏེ་བྱིན་ཀྱིས་བཟླས་ན། འབི་འདི་ཉིད
295b2 ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་སྤེན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་འཕྲོས་ཤིང་ཁྱབ་སྟེ། འགྲོ་བ་མང་པོའི་དོན་བྱེད་པར་འགྱུར་རོ།། འོད་ཟེར་གྱི་སྤྲིན་ཕུང་དེ་དག་སླར་འབི་འཔེའི་ནང་དུ་འདུས་པས་ཀྱང་དེ་ཉིད
295b3 ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཤེལ་སྒོ་ལྟར་ཡོངས་སུ་དག་པར་འགྱུར་རོ། ། དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ།། དེ་ནས་འབི་འབིའི་ནང་དུ་བི་མ་ལ་ཨུཥྞཱི་ཥའི་སྙིང་པོ་མུ་དྲའི་ཕྱག་རྒྱར་བྱས་པ་འམ། གྲོ་གའམ་རས་སམ་ཤོག
295b4 ཤོག་གམ། ཤིན་ཤུན་ལ་སྔགས་བྲིས་པ་དང་། དེ་ནང་དུ་རིགས་ལྔ་སོ་སོའི་སྙིང་པོ་ཨོཾ་ཧཱུ~ཾ་ཏྲཾ་ཧྲི་ཨཿདེ་རྣམས་ཕྲུགས་སུ་སྦྱར་ཏེ་མུ་དྲའི་ཕྱག་རྒྱ་བྱས་པ་འམ། ཡི་གེར་བྲིས་པ་འམ་གང་ཡང་རུང་སྟེ་ནང་དུ་སྩལ་ན། དེ་བཞིན
295b5 གཤེགས་པའི་ཐུགས་ཡེ་ཤེས་དང་ལྡན་པར་འགྱུར་རོ། ། ནང་དུ་སྩོལ་བའི་ཚེ་རིག་པའི་སྔགས་འདི་བརྗོད་པར་བྱའོ།། ཨོཾ་བཛྲ་གར་བྷེ་སྭཱ་ཧཱ། ཞེས་བྱ་བ་བཟླས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་དེའི་ནང
295b6 དུའདས་ཤིང་ཞུགས་པར་འགྱུར་རོ། ། ཡིད་ཀྱིས་ཀྱང་དམིགས་སོ།། དེ་ནས་ཙེ་ཏྱེའི་ཕོར་བུའི་ནང་དུ་ཡུངས་ཀར་རམ་ཏིལ་མར་གྱིས་བསྐུ་བའི་སྔགས། རིག་པ་ཆེན་མོ་འདི་བརྗོད་པར་བྱའོ།། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་ལན་གསུམ
295b7 བཟླས་ཤིང་བྱིན་གྱིས་བརླབས་ན་དེ་ཉིད་ཐབས་དང་ཤེས་རབ་འབྲེལ་པ་ལས་ཆོས་ཀྱི་དབྱིངས་ཉིད་ཀྱི་མཆོད་རྟེན་དུ་འགྱུར་རོ། ། དེ་བཞོན་དུ་ཡིད་ཀྱིས་ཀྱང་དམིགས་སོ།། དེ་ནས་མཆོད་རྟེན་འདེབས་པའི་ཚེ་རིག་པ་ཆེན་མོ་འདི་རྗོད
295b8 པར་བྱའོ། ། ཨོཾ་བཛྲ་མུད་གར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུ~ཾ་ཕཊ་ཅེས་བཟླས་ཤིང་མཆོད་རྟེན་བཏབ་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འབྲེལ་བ་ལས་ཆོས་ཀྱི་སྐུའི་མཆོད་རྟེན་དུ་འགྱུར་རོ།། དེ་ནས་བི་མ་ལ་ཨུ་ཥི་ཥའི




iiif viewer powered by OpenSeadragon

295a - 296a

Texts on this page

Q219 - shes pa thams cad mthar phyin par grub pa'i mchod rten zhes bya ba'i gzungs