| | e-texts navigator
|
295a1 གསུམ་པས་མནན་ཏེ། རིག་པ་ཆེན་མོའི་སྔགས་འདིས་བཏབ་སྟེ། བརྡུང་དེ་བཛྲ་མུདག་ར་ཨ་ཀོ་ཊ་ཡ། ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཅེས་ལན་བདུན་བཟླས་ཏེ་རྡོ་རྗེའི་ཐོ་བར་དམིགས་ཤེད་བརྡུངས་ན་ཉོན་མོངས་པ་དང་། བག་ཆག
295a2 ཐམས་ཅད་མ་ལུས་པར་བྱང་ཤིང་བཅོམ་པར་འགྱུར་རོ། ། དེ་ནས་འཇིམ་པ་རྫིབ་ནི་སྤོས་ཆབ་ལ་བདུད་རྩི་འཁྱིལ་བའི་ཕྱག་རྒྱས་གཏུགས་ཏེ། སྤོས་ཆུ་དེའི་ནང་དུ་ཡང་ཆོས་ཉིད་ཀྱི་ཡི་གེ་ཨ་ཞེས་བྱ་བ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་འོང
295a3 དང་བཅས་པར་དམིགས་ཏེ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་ཆེན་པོ་དེས་སྤོས་ཆུང་ཁྱབ་པར་གྱུར་ནས། སྤོས་ཆུ་ཉིད་བདུད་རྩིའི་རང་བཞིན་དུ་གྱུར་པར་དམིགས་ནས་རིག་པ་ཆེན་མོའི་དྲགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཨ་མྲི་ཏེ་ཧཱུཾ་ཕཊ
295a4 ཅེས་བྱ་བ་ལན་བདུན་བཟླས་ཏེ་བྱིན་གྱིས་རླབས་པས། ། དེ་ཉིད་ཀྱང་བདུད་རྩི་ཆེན་པོའི་ཆུ་རྒྱུན་དང་འདྲ་བར་འགྱུར་རོ།། དེ་ནས་འཇིམ་པ་རྫི་བའི་སྔགས་ཆེན་མོ་འདི་བརྗོད་པར་བྱའོ།། ཨོཾ་བཛྲ་པྲ་མ་ཏ་ན་ཡ་ཧཱུཾ་ཕཊ། ཅེས་ལན་བདུན
295a5 བརྗོད་དེ་འཇིམ་པ་དེ་ཉིད་དེ་བཞིན་གཤེགས་པའི་སྐུར་འགྱུར་རོ། ། དེ་ནས་འཇིམ་པ་དེ་ཉིད་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པར་བྱིན་གྱིས་བརླབ་པ་ནི་འཇིམ་པ་དེ་ཉིད་ལ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་བཅིངས་ཏེ།
295a6 རིག་པ་ཆེན་མོའི་གཟུངས་འདི་བརྗོད་པར་བྱའོ།། ནོ་མོ་རད་ན་ཏྲ་ཡཱ་ཡ། ཏད་ཡ་ཐཱ་སཱཀྵེ་སཱཀྵེ་ཤན་ཏེ་ཤན་ཏེ། ད་ནི་ངན་དེ་ནི་ར་ཀུ་ལ་ཡ་ཤེ་ཡ་ཤ་བ་ཏི་ཏེ་ཙོ་ཤུད་དྷེ་བི་ཤུད་དྷེ། སརྦ་ཏ་ཐཱ་ག་ཏཱ་ཨ་དྷིཥྛཱ་ན་ཨ་དྷིཥྚི་ཏེ། ཨོཾ་ན་མོ་ཏེ་ཧི་ཏ
295a7 སྭཱ་ཧཱ། ཞེས་བདག་ཉིད་ཀྱིས་རིག་པ་ཆེན་མོ་འདི་ལ་ན་བདུན་གསུམ་ཉི་ཤུ་རྩ་གཅིག་བཟླས་ཏེ། རིག་པ་ཆེན་མོའི་སྔགས་འདིས་བྱིན་གྱིས་བརླབས་ན་འཇིམ་པ་ཉིད་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པར་འགྱུར་རོ།
295a8 ཕྱོགས་བཅུར་འཕྲོས་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟར་འདུལ་བར་བྱས་པར་འགྱུར་རོ།། འོད་ཟེར་དེ་དག་སླར་འདུས་པས་འཇིམ་པ་ཉིད་རིན་པོ་ཆེ་སྣ་ལྔའི་རང་བཞིན་དུ་གྱུར་ནས། དེ་བཞིན་གཤེགས་པའི་སྦུབསམ
iiif viewer powered by OpenSeadragon
294b - 295b