e-texts navigator
Collection
Volume
Page
Wylie

294b1 ཐིག་སྐུད་དེ་ཉིད་རྡོ་རྗེའི་སྣང་བར་དམིགས་ནས་མཆོད་རྟེན་གྱིས་ཁྱོན་ཇི་ཙམ་རན་པ་དང་། འཇིམ་པའི་ས་ཁྱོན་ཇི་ཙམ་རན་པ་ཐིག་གིས་ས་གཅད། དེ་བཞིན་དུས་བཅད་ན་ས་གཞི་དེ་ཉིད་མཆོད་རྟེན་གྱི་རྒྱུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་དང་འདྲ་བར་འགྱུར
294b2 སོདེ་ནས་ས་དེ་ཉིད་ལ་སིང་ལྡེང་གི་ཕུར་པ་སོར་བརྒྱད་པ་ལ་རིག་པ་ཆེན་མོའི་སྔགས་འདི་གདབ་པར་བྱ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ~ཾ་ཀཱི་ཡ་སརྦ་དུཥྚཱ་ན་ཕཊ་ཅེས་བྱ་བ་འདི་ལན་བདུར་བཟླས་ཏེ། རྡོ་རྗེ་ཕུར་བུར་དམིགས་ཏེ་དབུས་དང
294b3 གྲཝ་བཞི་གང་བ་བོ། ། དེ་བཞིན་དུ་བཏབ་ན་མི་དམིལ་ཡིན་པ་ལས་བསྲུང་བར་འགྱུར་རོ།། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ།། སེང་ལྗང་གི་ཕུར་བུ་ནི་མཆོད་རྟེན་གྱི་འཇིག་པའི་ས་ཇི་ཙམ་དགོས་པ་པ་བླངས་ཀྱི་བར་དུམ
294b4 དབྱུང་བར་གཞག་གོ། ། དེ་རས་ཏིལ་དང་ཡུངས་དཀར་ལ་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཨ་མྲི་ཏེ་ཧ་ན་ཧཱ་ན་ཧཱུ~ཾ་ཕཊ། ཅེས་ལན་བདུན་ཟླས་ཏེ་སའི་ཕྱོགས་སུ་གཏོར་བས། སའི་ཕྱོགས་དེ་ཉིད་ཀྱང་དེ་བཞིན
294b5 གཤེགས་པའི་བཞུགས་གནས་དཔག་ཏུ་མེད་པར་འགྱུར། དེ་ལྟར་ས་གཞི་དེ་བཞིན་གཤེགས་པའི་བཞུགས་གནས་སུ་བྱིན་བརླབས་ཏེ། བགེགས་ཀྱི་བསམ་སྦྱོར་ངན་པ་ལས་མཚམས་བཅད་དེ། སྤོས་དང་མེ་ཏོག་དང་གཏོར
294b6 མ་ལ་སོགས་པ་རྣམས་ཀྱིས་ཀྱང་ས་ཕྱོགས་དེ་ན་གནས་པའི་ལྷ་དང་། ཀླུ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ལ་མཆོད་ཅིང་བསྔོས་ཏེ། བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་ཀླགས་ན། ས་ཕྱོགས་དེ་ཡང་ཤིན་དུ་བཀྲ་ཤིས་ཤི
294b7 བྱིན་ཆགས་པར་འགྱུར་རོ། ། དེ་ནས་མཆོད་རྟེན་གྱི་འཇིམ་པའི་ས་བསྒོ་བའི་ཚེ་རིག་པ་ཆེན་མོའི་སྔགས་འདི་བཟླས་ཏེ་བརྐོ་བར་བྱའོ།། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུཾ་པཊ། ཅེས་བཟླས་ཤིང་ས་གཞི་དེ་ཉིད་རིན་པོ་ཆེ་སྣ་ལྔར་གྱུར་པར
294b8 དམིགས་ཏེ་བསྐོས་ན་དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་པའི་རྒྱུར་འགྱུར་རོ། ། དེ་ནས་ས་གཙང་མ་བླངས་པ་དེ་དག་གནས་གཙང་མ་གཅིག་ཏུ་བཞག་ནས་ས་བརྡུང་བའི་ཆོ་ག་ནི་ཐོ་བ་ལ་བདུད་རྩི་འཁྱིལ་པའི་ཕྱག་རྒྱ་རྡོ་རྗེ་རྩ




iiif viewer powered by OpenSeadragon

294a - 295a

Texts on this page

Q219 - shes pa thams cad mthar phyin par grub pa'i mchod rten zhes bya ba'i gzungs