e-texts navigator
Collection
Volume
Page
Wylie

293b1 བདག་ཉིད་ཀྱིས་ནམ་མཁའ་གང་ནས་གང་ཁྱབ་པར་རིག་པ་ཆེན་མོའི་སྔགས་འདི་བཏབ་ན། ནམ་མཁའ་ཐམས་ཅད་ཀྱང་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་རོ།། ཨོཾ་སྟྲཻ་ཡད་དྷ་སརྦ་ཏ་ཐཱ་ག་ཏཱ་ཧྲི་ད་ཡ་གར་བྷེ། ཛྭ་ལ་དྷརྨ་དྷ་ཏུ་ག་བྷེ། སཾ་ཧ་རན
293b2 ཨ་ཡུ་སམ་ཤོ་དྷ་ཡ། པཱ་བཾ་སརྦ་ཏ་ཐ་ག་ཏཱ་ས་མན་ཏཱ། བི་མ་ལ་ཨུཥྞཱི་ཥ་བི་ཤུད་དྷེ། མ་ཧཱ་བེ་ར་ཙེ་ར་གཾ་བི་ར་སིད་དྷརྨ་དྷཱ་ཏུ་བི་བི་ས་ར་ཨ་ཨ་ཨཻ་ཁཾ་ཡ་སྭཱ་ཧཱ། ཞེས་བརྗོད་ན། ནམ་མཁའི་ཁམས་ཐམས་ཅད་མཆོད་རྟེན་གྱི་རང་བཞིན
293b3 དུ་འགྱུར་ཏེ། ཕྱག་བྱ་བ་དང་བསྟོད་པ་བྱ་བ་དང་། མཆོད་པ་བྱ་བའི་འོས་སུ་འགྱུར་རོ།། བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་བཟླས་ཏེ། འབྱུང་བ་ཆེན་པོ་ལྔ་པོ་གང་ལ་ཡང་མཆོད་རྟེན་བཏབ་ན་ཉོན་མོངས་པ་དང་། སྒྲིབ་པ་ཐམས་ཅད
293b4 དག་པར་འགྱུར་རོ། ། གཞན་ཡང་ས་དང་ཤིང་དང་རྡོ་དང་འཇིམ་པ་དང་། འབི་འབི་གང་ཡང་རུང་བ་ལ་རིག་པའི་སྔགས་འདིས་བཏབ་སྟེ། མཆོད་རྟེན་བཏབ་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་མཆོད་རྟེན་གྱི་རྒྱུར་འགྱུར་ཏེ། ཨོཾ་རད་ན་ཙི་ཏི
293b5 བན་ཙེ་ཡེ་བི་བི་ས་ར་སྭཱ་ཧཱ། ཤེས་བརྗོད་ནས་པའི་ལྕི་བ་ལ་སོསས་པས་བྱུགས་ན་ཐམས་ཅད་རིན་པོ་ཆེའི་མཆོད་རྟེན་གྱི་རྒྱུར་འགྱུར་རོ།། རིག་པ་ཆེན་མོའི་སྔགས་འདི་མ་བཏབ་ན། གང་ཞིག་གསེར་དང་དངུལ་དང་། བཻ་དཱུརྱ་ལ་སོགས
293b6 པ་རིན་པོ་ཆེ་སྣ་བདུན་ལས་མཆོད་རྟེན་བཞེངས་སུ་གསོལ་ཡང་རྡོ་དང་། ཤིང་དང་ཁམ་པ་དང་འདྲ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ཉིད་རྫས་ཀྱི་རང་བཞིན་ལས་སྙིང་པོ་དང་གསང་སྔགས་བྱིན་གྱི་རླབ་པ་མ་བཞུགས
293b7 པའི་ཕྱིར་རོ། ། རིག་པ་ཆེན་མོ་འདིས་བྱིན་གྱིས་བརླབས་ཏེ་བཏབ་ན་འབྱུང་བ་ཆེན་པོ་གང་ལ་མཆོད་རྟེན་བཏབ་ཀྱང་བསྐལ་པ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྒྲིབ་པའི་དྲི་མ་དག་ནས། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ
293b8 ལྟ་བུར་སྐྱེས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། ། རིག་པ་ཆེན་པོ་འདིས་བྱིན་གྱིས་བརླབས་ཏེ། རྡོ་དང་ཤིང་ལེབ་ལ་སོགས་པའི་མཆོད་རྟེན་བཏབ་ན། དེ་གདོན་མི་ཟ་བར་བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུར




iiif viewer powered by OpenSeadragon

293a - 294a

Texts on this page

Q219 - shes pa thams cad mthar phyin par grub pa'i mchod rten zhes bya ba'i gzungs