| | e-texts navigator
|
278b1 ན་དག་པོ་དང་ཐབས་གཅིག་ཏུ་ལུས་འཕགས་རིལ་གཤེགས་པའི་ཚེ། ། ཚེ་དང་ལྡན་པ་ཀུན་དགའ་བོས་མེ་ནོད་པལ་པོ་ཆེ་ཞིག་རྒྱང་རིང་མོ་ནས་མཐོང་ངོ་།། མཐོང་ནས་ཀྱང་སྐྲག་སྟེ།། ཟེང་ཞེས་བྱེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས
278b2 གསོལ་ལོ། ། བཅོམ་ལྡན་འདས་མི་རྒོད་དགཅིག་གོ།། བདེ་བར་གཤེགས་པ་མི་རྒོད་དག་ཅིག་གོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་མི་རྒོད་རྣམས་ཀྱིས་འཇིགས་སམ། གསོལ་བ་བཅོམ་ལྡན་འདས་འཇིགས
278b3 ལགས་སོ། ། བདེ་བར་གཤེགས་པ་འཇིགས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་མི་རྒོད་རྣམས་ཀྱིས་མ་འཇིགས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གཏི་མུག་ཆེན་པོའི་ཚོགས་རབ་ཏུ་འཇོམས
278b4 པ་འདི་བཀའ་སྩལ་ཏོ། ། ཎ་ཐཱ། ཨ་རུ་ལོ་མེ། རྦ་ཏི་ལོ་མེ། ཨ་ནུ་ལོ་མ། པ་ཏི་ལོ་མ། ཨ་ཏི་ཀ། པྲ་ཏ་ཀེ། བ་ཀེ། ཨ་ཏེ་བེ་ཀེ། གོ་ར། གན་དྷ་། ཙན་ར་ལི། མ་ཏ་ཀི། བུག་གསི། རི་མི་མི། རི་དྷི་མཅོ་བ་ཅི་ཙོ་ཐ་དནཿ། བི་སྭཱ་ཧནཿ
278b5 བྷྲ་མནཿ། མཱ་མི་ཡན་དུ་ཡ་བང་ཟན་སྦྱིན་མུན་ཙ་མེ་སྭཱ་ཧཱ།། ཀུན་དགའ་བོ་ངས་དཔག་ཚད་བན་ཚུན་ཆད་ཀུན་དུ་བསྲུང་བ་དང་། མི་རྒོད་ཐམས་ཅད་དང་། རི་གསེད་ཀྱི་གྲོང་མི་ཐམས་ཅད་དང་། གསེབ་ལམ་སྲུང་བ་ཐམས་ཅད་དང་། གནོད་པཔ
278b6 སེམས་པ་ཐམས་ཅད་ཀྱི་རྐང་པ་བཅིང་བར་བྱས་སོ། ། རྨུགས་པར་བྱས་སོ།། རེངས་པར་བྱས་སོ།། ཇི་ལྟར་རྫ་མཁན་གྱི་འཁོར་ལོ་བསྐོར་པའམ། ཇི་ལྟར་རྫ་མཁན་གྱི་འཁོར་ལོ་ཡོངས་སུ་བསྐོར་བ་ལྟར་མི་རྒོད་རྣམས་འདང་བར་གྱུར་ཅིག
278b7 རེངེངས་པར་གྱུར་ཅིག། ཀུན་ཏུ་རེངས་པར་གྱུར་ཅིག། མགོ་རྨོངས་པར་གྱུར་ཅིག། མདུད་པ་མ་གྲོལ་བའི་བར་དུ་འཆི་བར་མ་གྱུར་ཅིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ཡིད་རངས
278b8 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ཆོག་ནི་ཤིང་ཀུན་དང་། བོང་བུའི་སུ་བསྲེས་ཏེ་བུ་མོ་གཙང་མས་བཀལ་བའི་སྲད་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ།། ཡང་ན་གོས་ཀྱི་མཐའ་མལ་མདུད་པ་བོར་ཏེ།
iiif viewer powered by OpenSeadragon
278a - 279a