e-texts navigator
Collection
Volume
Page
Wylie

278a1 བཞེས་བྱ་སྟེ། ། ཇི་ལྟར་དེ་སྐམ་པ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རླུང་གི་འབྲུམ་བུ་སྐམས་པར་གྱུར་ཅིག། མཁྲིས་པའི་འབྲུམ་བུ་སྐམས་པར་གྱུར་ཅིག། བད་ཀན་གྱི་འབྲུམ་བུ་སྐམས་པར་གྱུར་ཅིག། མི་གཙང་བའི་འབྲུམ་བུ
278a2 སྐམས་པར་གྱུར་ཅིག། ཁྲག་གི་འབྲུམ་བུ་སྐམས་པར་གྱུར་ཅིག། འདས་པའི་འབྲམ་བུ་སྐམས་པར་གྱུར་ཅིག། དེ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་བ་དཀན་གྱི་འབྲུམ་བུ་རྣམས་པར་གྱུར་ཅིག། མི་གཙང་བའི་འབྲུམ་བུ་རྣམས
278a3 པར་གྱུར་ཅིག། ཁྲག་གི་འབུམ་བུ་སེམས་པར་གྱུར་ཅིག། འདུས་པའི་འབྲུམ་བུ་སྐམས་པར་གྱུར་ཅིག། སཱའི་འབྲུམ་བུ་སྐམས་པར་གྱུར་ཅིག། འཕྱང་བའི་འབྲུམ་བུ་སྐམས་པར་གྱུར་ཅིག། ཏདྱ་ཐཱ། ཤ་མེ་ཤཱ་མ་ནེ། ཤ་མེ་ཤ་མ་ནེ་སཱཧཱ།
278a4 ན་བར་མ་གྱུར་ཅིག། རེངས་པར་མ་གྱུར་ཅིག། སྒྲ་འབྱུང་བར་མ་གྱུར་ཅིག། འཛག་པར་མ་གྱུར་ཅིག། སྡུག་བསྔལ་བར་མ་གྱུར་ཅིག་རབ་ཏུ་སྡུག་བསྔལ་བར་མ་གྱུར་ཅིག་ཟག་པར་མ་གྱུར་ཅིག་བ་དུ་ཟག་པར་མགྱུར་ཅིག་འདི་ཉིད་དུ་ཟད་པ་དང་། ཡོངས་སུ་ཟད།
278a5 པདང་མེད་པར་གྱུར་ཅིག།། སའི་འོག་ཏུ་སོང་ཤིཀ། ན་མོ་བྷ་ག་བཱ་ཏི། བུད་དྷ་མ་ཏྱ་པཱ་ཏི་ན། སིད་དྷུན་ཏུ་མན་ཏྲ་བཱ་དྭེ་ནེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ཡིད་ངངས་ཏེ། བཅོམ་ལྡན་འདས་ཀྱིས
278a6 གསུངས་པ་ལ་མངོན་པར་བསྟོད་དོ། ། དེ་ལ་ཆོ་ག་ནི་འདི་ཡིན་ཏེ། ཀླགས་པས་གྲུབ་པ་འདི་སྲད་བུ་དམར་པོ་ལ་ལན་བདུན་བཟླས་པ་བྱས་ལ། མདུད་པ་བདུན་བོར་ཏེ་མགུལ་དུ་གདགས་སོ།། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད
278a7 པའི་མདོ་རྫོགས་སོ། ། རྒྱ་གར་གྱི་མཁན་པོ་འཛིནྡ་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨརྱ་ཙོར་བིརྡྷ་ན་ས་ན་ནཱ་མ་དྷཱ་རཎཱི། བོད་སྐད་དུ།
278a8 འཕགས་པ་མི་རྒོད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཞེམ་ཡོད་པ་ཚེ་དང་ལྡན་པ




iiif viewer powered by OpenSeadragon

277b - 278b

Texts on this page

Q213 - 'phags pa gzhang 'brum rab tu zhi bar byed pa'i mdo
Q214 - 'phags pa mi rgod rnam par 'joms pa zhes bya ba'i gzungs