| | e-texts navigator
|
228a1 ནུར་བར་འགྱུར་བའི་ལས་ཐོབ་པར་འགྱུར་རོ།། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་བསགས་པ་བདེ་བར་རེག་པ་ལ་གནས་པས་གནས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ལ་གཟིགས་སོ།། །
228a2 དེ་དག་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱེད་པ་དང་སྦ་བར་མཛད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་ལ་སེམས་པར་འགྱུར། བརྗོད་པ་ཙམ་གྱིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི
228a3 སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ཐམས་ཅད་སྐེམས་པར་འགྱུར། རྣམ་པར་འཇིག་པར་འགྱུར།། རྣམ་པར་འཐོར་བར་འགྱུར་རྣམ་པར་སེལ་བར་འགྱུར་སྟོངས་པ
228a4 འགྱུར་རོ། ། དེ་ལྟར་དེ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། ལྷའི་གནས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་ཀྱི་སྒོ་རྣམས་ཕྱེ་བར་འགྱུར་རོ།། ད་གང་འདོད་པ་དེར་འཇུག་པར་འགྱུར་རོ།། དེ་ནས་བཅོམ
228a5 ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གཟུངས་དེ་བཀའ་སྩལ་དུ་གསོལ།། སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་སྨན་གདགས་པ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས
228a6 ཀྱིས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ་བཏབ་པ་མཁྱེན་ནས་གཟུངས་འདི་དགགའསུ་མ་ཉོན་པོ་ཏྲ་ཡཱ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཥིཥྚ་ཡ་བུད་དྷཱ་ཡ་ཏེ་ན་མཿཏད་ཡ་ཐཱ། ཨོཾ་བྷྲཱུཾ་བྷྲཱུཾ་བྷྱཱཾ། ཤོ་དྷ་ཡ་ཤོ་དྷ་ཡ།
228a7 བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མན་ཏེ། ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི་ག་ག་ན་སྭབྷཱ་བ་བི་ཤུད་དྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ཨ་བྷི་ཥིཉྩནྟུ་མཾ། སརྦེ་ཏཱ་ཐཱ་ག་ཏ་སུ་ག་ཏ་བ་ར་བཱ་ཙ་ན།། ཨ་མྲི་ཏེ་ཨ་བཻ་ཥེ་ཀི་ར། མ་ཧཱ་མུ་དྲ།
228a8 མན་ཏྲ་བ་དཻཿཱ་ཧ་ར་ཨཱ་ཧ་ར། མ་མ་ཨ་ཡུར་སན་དྷ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡི། ག་ག་ན་སྭ་བྷཱ་ཝ་བི་ཤུད་དྷེ། ཨུཥྚི་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ས་ཧ་སྲ་རསྨི་སཾ་ཙེ་དི་ཏེ། སརྦ་ཏ་ཐཱ་ག་ཏཱ་ཨ་བ་ལོ་ཀི་ནི།
iiif viewer powered by OpenSeadragon
227b - 228b