| | e-texts navigator
|
227a1 ཅན་དམྱལ་བར་སྐྱེ་བར་འགྱུར་རོ། ། བརྒྱལ་ནམ་ཞིག་མིར་སྐྱེས་པར་གྱུར་ན་ཡང་དེར་དབུལ་པོར་འགྱུར་ཞིང་དམུས་ལོང་དུ་འགྱུར་རོ་ཞེས་དེས་ཐོས་སོ།། དེ་ནས་ལྷའི་བུ་དེས་སྒྲ་དེ་ཐོས་ནས་འཇིགས་སྐྲག་སྤངས་ཏེ་སྤུ་ཟིང
227a2 ཞེས་བྱེད་པར་གྱུར་ནས། དེ་རིངས་པ་རིངས་པར་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་རྐང་པ་ལ་ཕྱག་འཚལ་ཏེ། བརྟབས་པར་སྤྲོ་ཞིང་། དེ་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲེ་སྔགས་འདོན
227a3 བཞིན་དུ་ལྷའི་དབང་པོ་རྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། ། ལྷའི་དབང་པོ་གསན་དུ་གསོལ།། ལྷའི་དབང་པོ་བདག་དང་ལྷའི་བུ་མོའི་ཚོགས་ཀྱིས་སྐོར་ཏེ། ལྷའི་ལོངས་སྤྱོད་ཀྱི་དགའ་བས་རྩེ་ཞིང་བདེ་བ་མྱོང་བ་ལས་སྒྲ་ཞིག་ཐོས
227a4 ལྷའི་བུ་ཤིན་དུ་བརྟན་པ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་རོ།། དེར་ཡང་འགྲོ་བ་བདུན་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ།། བརྒྱལ་ནམ་ཞིག་མིར་སྐྱེས་པར་གྱུར
227a5 ནཡང་དེར་དེ་དབུལ་པོར་འགྱུར་ཞིང་དམུས་ལོང་དུ་འགྱུར་རོ་ཞེས་ཐོས་ན། ལྷའི་དབང་པོ་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ཤིན་ཏུ་བརྟན་པའི་ཚིག་དེ་ཐོས་ནས་ཤིན་ཏུ
227a6 མཚར་དུ་འཛིན་པར་གྱུར་ཏེ། ལྷའི་བུ་འདིས་འགྲོ་བ་བདུན་པོ་གང་དག་མྱོང་བར་འགྱུར་སྙམ་དུ་སེམས་ཤིང་ཅང་མི་སྨྲ་བར་འདུག་པ་དང་། འགྲོ་བ་བདུན་ནི་ཕག་གི་སྐྱེ་གནས་དང་།། བྱི་དང་ཝ་དང་སྤྲེའུ་དང་། སྦྲུལ་གདུག་པ་དང
227a7 བརྒོད་དང་བྱ་ཁྭ་སྟེ། འགྲོ་བ་བདུན་པོ་དེ་དག་ཤིན་ཏུ་མི་གཙང་བའི་ཟ་བ་མྱོང་བར་འགྱུར་བ་མཐོང་ངོ་།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འགྲོ་བ་བདུན་པོ་དེ་དག་མཐོང་ནས་འདི་སྙམ་དུ་ཨེ་མ་ལྷའི་བུ་འདི་སྡུག་བསྔལ་མི
227a8 བཟད་པ་ཆེན་པོ་མྱོང་བར་འགྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་སངས་རྒྱས་མ་གཏོགས་པར་དེའི་སྐྱབས་དང་། རྟེན་དང་དཔུང་གཉེན་དུ་འགྱུར་བ་སུ་ཡོད་སྙམ་བསམས་སོ།། དེ་ནས་ལྷའི
iiif viewer powered by OpenSeadragon
226b - 227b