| | e-texts navigator
|
225b1 ཀྱིས་ཉི་བ་རེ་རེ་ཉིང་ཚིག་མ་བཅད་སྟོང་འཛིན་པའི་ཕྱིན་ཅི་མ་ལོག་པའི་ངག་ཏུ་འགྱུར་རོ། ། ཡང་ན་ཁ་ཅིག་གིས་དེ་ལྟ་བུ་བྱེད་པར་མི་ནུས་ན་དེ་ཡིས་རང་གི་ཁྱིམ་དུ་དྲི་ཞིམ་པོ་དང་བསྲེས་པའི་སའི་ཆར་བཞུགས་སུ་གསོལ། ཇི
225b2 ལྟར་འབྱོར་པའི་མཆོད་པ་བྱས་ལ་ཟླ་བ་འོད་དོ་ཅོག་གེ་ཚེས་བརྒྱད་ལ་བརྒྱད་བརྒྱའི་བཟླས་པ་བྱ་ཞིང་། ཉི་མ་རེ་རེ་ལ་དུས་གསུམ་དུ་ཉི་ཤུ་རྩ་གཅིག་བརྗོད་ན་བློ། རྣོ་བ་དང་། ཚེ་རིང་བ་དང་ཤེས་རབ་དང་ལྡན་པ་དང་ནད་མེད་པ་དང་སྐྱིད་པ
225b3 ལོ་བརྒྱ་འཚོ་བ་དང་སྐྱེ་བ་དྲད་པར་འགྱུར་རོ། ། ཡང་ན་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཚེ་རིང་བ་དང་བློ་རྣོ་བར་འགྱུར་རོ།། དེ་ནས་གཞན་ཡང་སྦྱིན་སྲེག་གི་ཆོ་ག་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཉེ་བར་བཤད་པར
225b4 བྱ་སྟེ། ཁྲུ་གང་གི་ཚད་ཀྱི་ཐབ་ཁུང་ཟླུམ་པོ་རྡོ་རྗེ་ཕྲེང་བས་བརྒྱན་པ། ཙན་དན་དཀར་པོ་འམ་ས་དཀར་གྱིས་བྱུགས་ལ་མེ་ཏོག་དཀར་པོ་བཀྲམ་སྟེ། ལོགས་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ་བདུག་སྤོས་ལ་སོགས་པས་ཡང
225b5 དག་པར་མཆོད་ལ། ཕྱོགས་བཞིར་མཚན་ཉིད་དང་ལྡན་པའི་བུམ་པ་རབ་ཏུ་མཛེས་པ་གོས་དཀར་པོས་གཡོགས་ལ་ཡལ་གས་ཁ་བརྒྱན་པ་ཞིག་གཞག་པར་བྱའོ།། འོ་མ་ཅན་གྱི་ཤིང་ལ་མེ་སྦར་ལ་མེ་ལྷ་བཀུག་ལ། དགང་གླགས་གསུམ
225b6 བིནི་ལ་གསང་གཏོར་བྱས་ཏེ་གཤེགས་སུ་གསོལ་ལོ། ། དེ་ནས་ཚེ་དཔག་ཏུ་མེད་པ་གསལ་པོར་ཐབ་ཁུང་གི་དབུས་སུ་བསམས་ལ། གཙུག་ཏོར་རྣམ་པར་རྒྱལ་བ་བཟླས་ཤིང་དགང་བླུགས་གསུམ་དབུལ་ལོ།། ཡང་ན་ཨོཾ་ཨ་མྲི་ཏ་ཨ
225b7 ཡུརྱཱ་ཏེ་སྭཱ་ཧཱ། ཞེས་བྱ་བ་ཚེ་དང་ཐེ་རྡོ་བ་དང་བཅས་པས་བརྒྱད་བརྒྱ་དུས་གསུམ་དུ་སྦྱིན་པ་སྲེག་བྱའོ།། གཙུག་ཏོར་རྣམ་པར་རྒྱལ་བ་ལ་ལན་བདུན་དུ་བཟླས་པ་བྱས་ན་ཚེ་རིང་བ་དང་། བློ་རྣོ་བ་དང་སྐྱིད་པ་དང་ནད་མེད་པར་འགྱུར་རོ།།
225b8 ཡང་ནི་ཟླ་བ་རེ་རེའི་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ་དུས་གསུམ་དུ་ཚེ་ལོ་སྟོང་ཐུབ་པར་འདོད་པས་སྦྱིན་བསྲེག་བྱས་ན་མཆོག་གི་ཚེ་རིང་བ་དང་། བློ་རྡོབ་སྦྱིན་པར་བྱེད་དོ།། སེམས་ཅན་རྣམས་ལ་སྨད་པར་མི
iiif viewer powered by OpenSeadragon
225a - 226a