e-texts navigator
Collection
Volume
Page
Wylie

225a1 ཕྱག་གིས་སྙིང་ཁར་སྣ་ཚོགས་རྡོ་རྗེའོ། ། དེ་བཞིན་དུ་པད་མ་ལ་གནས་པའི་འོད་དཔག་དུ་མེད་པ་དང་། མདའ་དང་མཆོག་སྦྱིན་ནོ།། གཡོན་པ་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང་། དེ་བཞིན་དུ་གཞུ་དང་མི
225a2 འཇིགས་པ་དང་བུམ་པའོ། ། ཡང་མགོ་བོར་མཆོད་རྟེན་ལ་གནས་པའི་ཨོཾ་དང་། འགྲིན་པར་ཨཱཿདང་། སྙིང་ཁར་ཧཱུཾ་ངོ་།། དཔྲལ་བར་ཏྲཾ་ངོ་།། ལྟེ་བའི་ཕྱོགས་སུ་ཧྲིའོ།། རྐང་པ་གཉིས་ལ་ཨོཾ་ཨཿཡི་གེ་འདི་རྣམས་བཀོད་ལ་རཀྵ་སྭཱ་ཧཱ།
225a3 དང་པོ་འདིའི་ནང་དུ་རང་གི་མིང་དང་སྤེལ་པའོ།། དེའི་ལོགས་གཉིས་སུ་པ་དམ་དང་རྡོ་རྗེ་འཆང་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣམས་པ་བྱའོ།། སྟེང་དུ་བདུད་རྩིའི་ཆར་གྱི་རྒྱུན་འབེབས་བཞིན་པའི་གནས་གཙང་མའི་ལྷའི་བུ་གཉིས
225a4 སོ། ། ལོགས་བཞིར་ཁྲོ་བོ་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་ཞེས་བྱ་བ་སྟེ། རལ་གྲི་དང་ལྕགས་ཀྱུ་དང་། དབྱུག་པ་དང་རྡོ་རྗེ་བསྣམས་པའོ།། གཡོན་པ་གདུག་པ་ཅན་འཇིགས་པའི
225a5 བསྡིགས་འཛུབ་ཆེད་དུ་བྱེད་པའོ། ། དེ་ལྟར་འབད་པས་རྫོགས་པར་བྱས་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་བསྙུང་བར་གནས་པས་མཆོད་པ་ཆེན་པོ་སྟོང་ཕྲག་གཅིག་གིས་མཆོད་པ་བྱས་ལ་འབུམ་ཕྲག་གཅིག་བཟླས་པ་བྱའོ།།
225a6 དེ་ནས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བཟུང་སྟེ། ཇི་སྲིད་བཅཝ་ལྔའི་བར་དུ་སྐྱོང་སྟོང་བཟླས་པར་བྱའོ།། དེ་ནས་སྔ་བར་ནམ་ལངས་པ་དང་། བཅོམ་ལྡན་འདས་མ་ཞལ་མཐོང་བར་འགྱུར་རོ།། དེ་ནས་ཇི་ལྟར་དངོས
225a7 གྲུབ་འདོད་པ་སྦྱར་རོ། ། ཡང་ན་ནི་ཐང་ཀ་དེ་དྲི་ཞིམ་པོ་དང་བསྲེས་པའི་ཆུས་བྱུགས་པའི་ཕྱོགས་གཅིག་ཏུ་ཡང་དག་པར་བཞུགས་སུ་གསོལ་ལ།། མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཉི་མ་རེ་རེ་ཞིང་བརྒྱད་བརྒྱའི་བཟླས་པ་བྱའོ།། ཡང
225a8 ཟླ་བ་རེ་རེ་ལ་སྟོང་སྟོང་གི་མཆོད་པ་བྱས་ཤིང་སྟོང་སྟོང་གི་བཟླས་པ་བྱས་ན་ཚེ་དཔག་ཏུ་མེད་པ་དང་། སྟོབས་དཔག་ཏུ་མེད་པས་གཞན་གནོན་པ་དང་ནམ་མཁའ་ལ་འགྲོ་བ་དང་། ནད་ཆེན་པོ་མེད་པར་བྱེད་དོ།། སེམས་ཅན་ཐམས་ཅད




iiif viewer powered by OpenSeadragon

224b - 225b

Texts on this page

Q197 - de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa