e-texts navigator
Collection
Volume
Page
Wylie

224b1 གྱི་བར་དུ་བཀླག་པར་བྱའོ། ། ཉི་མ་རེ་རེ་ཞིང་ཚེ་དང་བློ་སྟེར་བར་བྱེད་པའི་གཟུངས་ཀྱི་ཆེད་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་དགེ་བའི་རྩ་བ་སྦྱིན་པར་བྱའོ།། སེམས་ཅན་རྣམས་ལ་བཅིང་བ་དང་བརྡུང་བ་ལ་སོགས་པ་སྭ
224b2 པར་བྱའོ། ། ཟླ་བ་གཞན་རེ་རེ་ལ་མཆོད་པའི་ཉིས་འགྱུར་དུ་བྱས་ལ་བརྒྱད་བརྒྱའི་བཟླས་པ་བྱ་བ་ནི་རང་ངམ་རང་དང་འདྲ་བས་བྱའོ།། ཆོ་ག་འདི་ཡིས་ནི་དུས་མ་ཡིན་པར་འཆི་བ་བརྒྱད་མེད་པར་འགྱུར་རོ།། བློ་རྣོ་བ་དང་ན་དམེད་པ་དང་ཚེ་ལོ་བརྒྱ
224b3 ཐུབ་ཅིང་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་སྐྱེ་བ་དྲན་པར་འགྱུར་རོ། ། གང་གི་ཚེ་འཆི་བའི་དུས་བྱས་པའི་ཚེ་སྦྲུལ་ཤུན་པ་བརྗེས་པ་དང་འདྲ་བར་རང་གི་ལུས་བོར་ཏེ། མཛེས་པའི་ལུས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ
224b4 འགྱུར་རོ། ། ཡང་དེ་ནི་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་འགྲོར་སྐྱེ་བ་རི་མི་འགྱུར་རོ།། རྣ་བའི་བུ་གར་དམྱལ་བའི་སྒྲ་ཡང་ཐོས་པར་མི་འགྱུར་ན་འབྲས་བུ་སྨིན་པར་ལྟ་ག་ལ་འགྱུར། འདི་རྣམ
224b5 ཀྱི་གནས་སུ་འགྲོ་བ་མེད་དོ། ། དེ་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པས་གཞན་ཡང་སྒྲུབ་པའི་ཐབས་བཀའ་སྩལ་པ། གང་གིས་སེམས་ཅན་ཚེ་དཔག་ཏུ་མེད་པར་འགྱུར་བ་དང་། ཉམ་ང་བའི་འཁོར་བ་ལས་གྲོལ་བར་བྱེད
224b6 པ་ནི་གཞོན་ནུ་མས་བཀལ་བའི་སྐུད་པ་ལ་ཚད་དང་ལྡན་པའི་མཛེས་པའི་རས་མཁས་པས་བྱའོ། ། དེ་ནས་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ཚོན་སྣམ་ལུས་པས་གཟུངས་ཀྱི་ཡི་གེ་ལས་སྤྲུལ་པའི་མཆོད་རྟེན
224b7 གྱི་ནང་དུ་བྲི་བར་བྱའོ། ། ཚེ་དཔག་ཏུ་མེད་པ་འོད་ཟེར་སྟོང་གི་ཕྲེང་བ་ཅན། པད་མ་དང་ཟླ་བའི་གདན་ལ་བཞུགས་པ། སྟོན་ཀའི་ཟླ་བ་ལྟ་བུའི་འོད་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ།། ཞལ་གསུམ་པ་སྤྱན་གསུམ་པ། ཕྱག་བརྒྱད
224b8 པ་གཡས་པའི་ཞལ་ཞི་བ་གསེར་གྱི་འོད་ཟེར་དང་ལྡན་པའོ། ། གཡོན་པ་ནི་མཆེ་བས་མ་མཆུ་མནན་པ་མི་བཟད་པ་ཨུད་པལ་སྔོན་པོའི་འོད་ཟེར་གྱི་འོད་དང་ལྡན་པའོ།། དབུས་མ་ནི་སྒེག་པ་དང་བཅས་ཤིང་དཀར་བའོ།། གཡས་པའི




iiif viewer powered by OpenSeadragon

224a - 225a

Texts on this page

Q197 - de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa