| | e-texts navigator
|
219b1 རྒྱལ་པོ་ཆེན་པོ་བཞི་ལ་ཐུགས་བརྩེ་བའི་ཕྱིར་ཅང་མི་གསུང་བར་གྱུར་པས་གནང་སྟེ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བགྱུར།། གནང་བར་རིག་ནས་ཆེད་དུ་བརྗོད་པ་ཆེད།།
219b2 དུ་བརྗོད་དོ།། དེ་ནི་འདི་ལྟ་སྟེ། དེ་ནན་ཌེ། དེ་ནདཥེ། མ་ཧཱ་ནད་ཌེ། ཛམ་བྷིནེ། སྟམ་བྷན། ཊ་ཊེ། ཊ་ཊ་ནེ། མ་ཧཱ་ཊ་ཊ་ནེ། ཀུད་ཏེ་ཀུ་ཊ་ནེ། མ་ཧཱ་ཀུད་ཏ་ནེ། དྷརྨ་ལེ། ཙ་མ་ལེ་སྭཱ་ཧཱ།། བཅོམ་ལྡན་འདས་འདི་དག་ནི་གཟུངས་འདིའི་འ
219b3 གྱི་ཚིག་ལྟ་བུར་གདའ་བ་ལགས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་སྔགས་གཞི་འདི་དག་འཛིན་པ་དང་། བཟླས་ཏེ་བཏོན་ནས་འཆང་བ་དེ་ནི་སྔོན་གྱི་ལས་མ་གཏོགས་པར་གཞན་གྱི་གནོད་པ་ཐམས་ཅད་ལས
219b4 འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་འཐུན་པར་འགྱུར་རོ།། དེ་ལ་ནི་དམ་པའི་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་ལ་ཡང་བར་ཆད་འབྱུང་བར་མི་འགྱུར་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི
219b5 པོ་དག་ལ་གྲོགས་པོ་དག་ཁྱེད་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཞུགས་པ་ལེགས་སོ། ། ལེགས་སོ་ཞེས་བྱ་བ་བྱིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ
219b6 ཁྱོད་ཀྱིས་དེ་དག་རྫུ་འཕྲུལ་ཆེ་བར་འགྱུར་བ་དང་། ཕན་ཡོན་ཆེ་བ་དང་། བྱིན་ཆེ་བར་འགྱུར་བའི་ཕྱིར་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག། ལོང་ཤིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག་གཞན
219b7 དག་ལ་ཡང་རྒྱ་ཆེ་རེ་རབ་ཏུ་སྟོན་ཅིག། གསོལ་པ་བཅོམ་ལྡན་འདས་རྒྱས་པར་བགྱི་བའི་སླད་དུ་བདག་གིས་གཟུང་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེན་འདི་ཉིད་རྒྱས་པར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད
219b8 པ་འདི་དག་བཀའ་སྩལ་ཏོ། ། གཟུངས་སྔགས་ཀྱི་ནི་མདོ་སྡེ་འདི།། སངས་རྒྱས་ཀུན་གྱིས་གསུངས་པ་ཏེ།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། དེ་ནི་ངས་ཀྱང་བཤད་པ་ཡིན།། གང་ཞིག་གཟུངས་སྔགས་མདོ་སྡེ་འདི།། འཛིན
iiif viewer powered by OpenSeadragon
219a - 220a