e-texts navigator
Collection
Volume
Page
Wylie

218b1 ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་མི་དང་། མི་མ་ཡིན་པ་ཐམས་ཅད་ཀྱིས་མི་ཚུགས་སོ།། སྦྲུལ་དང་སྲིན་བུ་དང་སྲིན་བུ་ལུ་ཏ་དང་། སྦྲང་བུ་ལག
218b2 ཕྱེ་ཐམས་ཅད་ཀྱིས་མི་ཚུགས་སོ། ། རིམས་རླུང་དང་མཁྲིས་པ་དང་བདན་དེ་འདུས་པ་དང་། དུས་ཚིགས་འགྱུར་བ་ལས་འབྱུང་བ་ཐམས་ཅད་ཀྱིས་མི་ཚུགས་སོ།། ཞག་གཅིག་པ་འམ།། ཞག་གཉིས་པ་འམ། ཞག་གསུམ་པའམ།
218b3 ཞག་བཞི་པའམ། ཞག་བདུན་པ་འམ་ཟླ་བ་ཕྱེད་པ་འམ། ཟླ་བ་གཅིག་པ་འམ་ལོ་གཅིག་པ་འམ། ནད་རྒྱུན་རིངས་སམ་སྐད་ཅིག་པ་རྣམས་ཀྱིས་མི་ཚུགས།། འབྲས་ས་མ་ཐོལ་མིག་གམ། རྐང་ཤུའམ་ལྷོག་པ་འམ་མ
218b4 དཔལ་ལམ། ཤུ་བ་འམ་ཁྱི་རྡོའམ། གཡན་པ་འམ་མཛེ་ཐམས་ཅད་དམ། ཀློག་པ་ཐམས་ཅད་དམ་གཤེད་བྱེད་ཐམས་ཅད་དམ། སྦྱར་བའི་ལས་ཐམས་ཅད་དམ། བྱང་ཐམས་ཅད་དང་རོ་ལངས་ཐམས་ཅད་ཀྱིས་ཀྱང་མི
218b5 ཚུགས་སོ། ། ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཏེ། གང་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ལས་འདའ་བར་བྱེད་པ་དེ་ནི་དེ་དག་ཐམས་ཅད་ལ་འཁྲུས
218b6 པ་ཡིན་ནོ། ། ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ནི་རྒྱལ་པོའི་ཕ་བྲང་ན་འདུག་ན་ཡང་ཡིད་ལ་བྱའོ།། ཆོམ་རྐུན་གྱི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ།། སྲིན་པོའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ།། གཅན་ཟན་ཁྲེ
218b7 བོའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ། ། འབྲོག་དགོན་པའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ།། ཀླུང་དང་བགྲོད་བཀའ་བ་ནང་འདུག་ན་ཡང་ཡིད་ལ་བྱའོ།། མེའི་ནད་ན་འདུག་ན་ཡང་ཡིད་ལ་བྱའོ།། ཆུའི་ནང་ན་འདུག་ན་ཡང་ཡིད
218b8 ལ་བྱའོ། ། དེ་ཡིད་ལ་བྱས་པ་དེ་རྣམས་ལས་འཇིགས་པ་དེ་དག་ཐམས་ཅད་མི་འབྱུང་ངོ་།། དེ་དུག་ཟོས་པ་ཐམས་ཅད་ཀྱང་ཁ་ཟས་ཉིད་དུ་འགྱུར་རོ།། ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་འཛིན་པ་ནི་འབྱུང་བ




iiif viewer powered by OpenSeadragon

218a - 219a

Texts on this page

Q195 - 'phags pa rig sngags kyi rgyal po sgron ma mchog gi gzungs