| | e-texts navigator
|
218a1 རྣམས་ཀྱང་མངོན་པར་འགྲུབ་པར་འགྱུར་ན། མིར་གྱུར་པ་ལྟ་ཅི་སྨོས།། ན་མཿསརྦ་བུད་དྷེ་བྷཱ། སིད་དྷན་ཏུ་དྷཱ་ར་ཎཱ། མན་ཏྲ་པཱ་ད་ནི་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ
218a2 སློང་དག་སེམས་ཅན་རྣམས་ཀྱི་དོན་དང་ཕན་པ་དང་། བདེ་བ་དང་མདངས་དང་ལྡན་པར་བྱ་བ་དང་། གཟི་བརྗིད་དང་ལྡན་པར་བྱ་བ་དང་། གྲགས་པ་དང་ལྡན་པར་བྱ་བ་དང་། ཡོན་ཏན་དང་ལྡན་པར་བྱ་བ་དང་། སྟོབས་དང་ལྡན་པར་བྱ་བ
218a3 དང་མདོག་དང་ལྡན་པར་བྱ་བ་དང་། བསྲུང་བ་དང་སྦ་བ་དང་། བསྐྱབ་པའི་ཕྱིར་གཟུངས་ཀྱི་གསང་སྔགས་གཞི་གཞན་དག་ཀྱང་བཤད་པར་བྱའོ།། དེ་འདི་དག་སྟེ། ཨད་ཏེ། མཏཏེ། བ་ཀེ། བཱ་ར་ཀེ། བེ་ཀེ་ཌཱ། དྲ་མ་ཏི། ཏང་མ་ཏི། 6
218a4 མ་ཏི། ཌུ་ཌ་ཊྱ་རེ། སུ་རེ། ཧི་ལི། མུ་ལེ། ཏི་ལ་སྭཱ་ཧཱ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ཟུང་ཤིག། ལེརརེ་ཤིག་ཚངས
218a5 ཤིག་ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག། ཀུན་དགའ་བོ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ།། གཟུངས་ཀྱི་གསང་སྔགས་གཞི་འདི་དག་རྙེད་པར་དཀའོ།། ཀུན་དགའ་བོ་གཟུངས
218a6 ཀྱི་གསང་སྔགས་གཞི་འདི་དག་རྙེད་པར་དཀའོ། ། ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་འཛིན་པ་ཡང་ཤིན་དུ་རྙེད་པར་དཀའོ།། ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཀྱི་གསང
218a7 སྔགས་ཀྱི་གཞི་འདི་དག་འཛིན་པ་དང་ལེན་པ་དང་། འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་ཚེ་རབས་ཉི་ཤུ་རྩ་གཅིག་ཏུ་ཚེ་རབས་དྲན་པར་འགྱུར་རོ།། ཚེ་འདི་ཉིད་ལ་ཡང་སྔོན
218a8 གྱི་ལས་མ་གཏོགས་པར་གཞན་གྱི་གནོད་པ་ཐམས་ཅད་ལས་འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་འཐུན་པར་འགྱུར་རོ།། གང་ལ་ལ་ཞིག་ལ་བསྲུང་བ་བྱས་ན་དེ་ལ་ཡང་འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་སོ།།
iiif viewer powered by OpenSeadragon
217b - 218b