| | e-texts navigator
|
217b1 ལྡན་པར་བྱ་བ་དང་། མདོག་དང་ལྡན་པར་བྱ་བ་དང་། བསྲུང་བ་དང་། སྭ་བ་དང་། བསྒྲུབ་པའི་ཕྱིར་གཟུངས་ཀྱི་གསང་སྔགས་གཞི་རྣམས་བཤད་དོ།། འདི་ལྟ་སྟེ། ཨད་ཏེ། བདེ་ཊེ། ན་ཊེ། ཀུ་ནད་ཊེ། ཊེ་ཀ་ཨེ་རེ་ཀེ། ཏཏ་བེ། བྷ་བེ་རཊ།
217b2 ཀཻ་ལོ་ལེ། ཧུ་ལེ་ཧི་ལེ། མི་ལེ་ཏི་ལེ། ཤཱི་ལི་ཤཱི་ལེ། ཨནྟེ་བརྟེན་དྷེ་ཀུནནྟེ། ཨ་ཌ་བ་ཏྟེ། ཀ་སེ་ཀ་སེ་ཀས། ཕ་སེ་ཕ་སཾ་ཕ་སེ། མ་ཧཱ་པ་ས་ཕ་སེ་སྭཱ་ཧཱ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།
217b3 ཀུན་དགའ་བོ་ཁྱོད་ཀྱིས་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ཟུང་ཤིག། ལོང་ཤིག་ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག། ཀུན་དགའ་བོ་སངས་རྒྱས་འབྱུང་བ་རྙེད
217b4 པར་དཀའོ། ། གཟུངས་ཀྱི་གསང་སྔགས་གཞི་འདི་དག་རྙེད་པར་དཀའོ།། ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་འདི་དག་སྟོན་པ་ཡང་ཤིན་དུ་རྙེད་པར་དཀའོ།། ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས
217b5 ཀྱིགསང་སྔགས་གཞི་འདི་དག་འཛིན་པ་དང་། ལེན་པ་དང་། འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་ཚེ་རབས་བཅུ་བཞིར་ཚེ་རབས་དྲན་པར་འགྱུར་རོ།། ཚེ་འདི་ཉིད་ལ་ཡང
217b6 སྔོན་གྱི་ལས་མ་གཏོགས་པར་གཞན་གྱི་གནོད་པ་ཐམས་ཅད་ལས་འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་མཐུན་པར་འགྱུར་རོ།། ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་བརྒྱད་བཅུ
217b7 རྩ་བཞིས་གསུངས་ཏེ། གང་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ལས་འདའ་བར་བྱེད་པ་དེ་ནི་དེ་དག་ཐམས་ཅད་ལ་འཁྲུས་པ་ཡིན་ནོ།། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་གཟུས་ཀྱི་གསང་སྔགས་གཞི་འདི་དག
217b8 ཤིང་སྐམ་པོ་གཤེར་བག་མེད་པ་ལ་བསྲུང་བ་བྱས་པ་ཏེ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་བཅིང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བ་བྱས་ན་ཤིང་དེ་ལ་ལཱུ་གུ་དང་། ལོ་མ་དག་ཀྱང་སྐྱེ་བར་འགྱུར་ཏེ། མེ་ཏོག་དང་འབྲས་བུ
iiif viewer powered by OpenSeadragon
217a - 218a