e-texts navigator
Collection
Volume
Page
Wylie

191b1 ཏེ་བཔས་ཀྱི་ཁར་གདགས་སོ། ། དེ་ནས་ཕྱུགས་ཐམས་ཅད་གཟས་ལ་སོང་བ། རྟ་བབས་ཀྱི་སྙེད་ནས་གཟུང་།། གཞན་ཡང་ཐམ་པ་བཞི་ཆུས་བཀང་སྟེ། བརྒྱན་བརྒྱད་དུ་སྔགས་ནས་མེ་བཞེས་ཆུས་གཏོར་ན་ཕྱུགས་དང་མེད་པར
191b2 འགྱུར་རོ། ། དེ་བཞིན་དུ་གག་འདུན་དུ་བྱས་ནནད་ཐམས་ཅད་ཞི་བར་འགྱུར་རོ།། སེན་དང་ཕྱུགས་ནད་ལ་གྲོག་ལབྲིས་ཏེ་མཆོད་པ་བྱས་ནས་རྒྱལ་མཚན་གྱི་རྩོམ་ལ་གདགས་སོ།། སྟག་གི་འཇིགས་པ་ལ་དྲལ་བྲིལ་བཟླས་ནས
191b3 དཀྲོལ་བར་བྱའོ། ། ཆུ་སྲིན་གྱི་འཇིགས་པ་ལ་མདའ་དལ་གུ་ལ་བསྔགས་ན་སྦྲུལ་དང་། བྱི་བ་དང་། སྡིག་པ་ལ་སོགས་པ་རྣམས་ཀྱང་ཁབཅིངས་པར་འགྱུར་རོ།། གཡུལ་དོར་ཐལ་བ་ལ་བསྔགས་ཏེ། སྤྱི་བོ་དང་། མགུལ་དུ་བྱུགས་ན
191b4 མཚན་མ་ཀློག་པར་བྱེད་དོ། ། སུད་པ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་ནད་པའི་ཁྲིལ་བཅིང་ངོ་།། བུམ་པ་ལ་བརྒྱ་རྩ་བརྒྱད་དུ་བསྔགས་པས་ཁྲུས་བྱའོ།། ལག་པས་སྲུད་པ་ལ་བཟླས་ནས་བཅིང་ངོ་།། དེ་ནས་བདེ་བར་འགྱུར་རོ།། ཡུལ
191b5 བཀོར་ཏེ་དྲིལ་བུ་དང་། རྔ་དང་དུང་ལ་བཟླས་པ་བྱས་ན་བགེགས་ཐམས་ཅད་འབྱེར་ཏེ་གནོད་པའང་ཞི་བར་འགྱུར་རོ།། སྐྱེས་བུ་དཔའ་བོ་ཡི་དཔྲལ་བར་རིག་པའི་མདངས་བཞག་ལ་མཚན་ཆ་བསྐུར་ན། དགྲའ་མ་གཡུལ་ཞི་བར་འགྱུར་རོ།།
191b6 འཕགས་པ་བརྡྷ་ཤ་བ་རི་འི་མདོ་རྫོག་སྟེ།། རྒྱ་གར་སྐད་། ཨཱརྱ་བརྟྟ་ཤ་བཱ་རནྟ་མ་དྷཱ་ར་ཎཱི། བོད་སྐདདུ། འཕགས་པ་རཾ་ཁྲོད་ལོམ་གྱོན་པ་ཞེས་བྱ་བའི་གཟུངས། འཕགས་མ་ཟོག།
191b7 ལོ་མགྱོན་པ་ལཾ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་ལ་ཕྱག་འཚ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།། བྱང་ཆུབ
191b8 སེམས་དཔའ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུ་གཟུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་པ་ཐོབ་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས




iiif viewer powered by OpenSeadragon

191a - 192a

Texts on this page

Q185 - 'phags pa pa r+N+Na sha ba ri'i mdo
Q186 - 'phags pa ri khrod lo ma gyon ma zhes bya ba'i gzungs