e-texts navigator
Collection
Volume
Page
Wylie

18b1 པ། 6་ལ། རཱ་། ག་ག། མ་ག་ན། མ་དྷ།། ནག་པ་ལྡན་པཀྱིལ་མ་བསྟན། ཤེས་ར་པོ་སྦྱིན་པ་ལན་ཤེ་པ་མ་སྦྱིན་པ་གྲུས་བ་གྱུར།
18b2 རྟག་ཏུ་བཟླས་བརྗོད་བྱས་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ།། འདི་ནས་ཤི་འཕོས་ནས་ཀྱང་མི་བདྲན་པ་དང་། ཡིད་བཞུངས་ཤིང་ཤེས་རབ་མ་ཚུངས་པ་མེད་པར་འགྱུར་རོ།། དུས་གསུམ་གྱི་དེ་བཞིན་གཤེས
18b3 པ་ཐམས་ཅད་ཀྱི་ཆོས་མ་ལུས་པར་བཟུང་བར་འགྱུར་རོ། ། གསང་སྔགས་དང་། རིགས་སྔགས་ཐམས་ཅད་ཀྱང་གཟུང་བར་འགྱུར་རོ།། འདི་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་དྲན་པ་དང་། ཡིད་གཟུངས་ཤིང་ཤེས་ར
18b4 ཆེན་པོར་འགྱུར་རོ། ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཀོ་ཤི་ཀ་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ
18b5 ཀཽ་ཤི་ཀ་ཞེས་བྱའོ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན
18b6 ཆེན་པོ་དང་། བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་གཞོན་ནུར་གྱུར་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ལ
18b7 ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གཉིས་སུ་བལྟ་བར་མི་བྱ། གཉིས་མ་ཡིན་པར་ཡང་མ་ཡིན། མཚན་མར་མ་ཡིན། མཚན་མ་མ་ཡིན་པར་ཡང་མ་ཡིན། བླང་བར་ཡང་མ་ཡིན།
18b8 དོད་བང་ཡང་མ་ཡིན། བསྣན་པར་མ་ཡིན། བསྣན་པ་མེད་པར་མ་ཡིན། ཀུན་ནས་ཉོན་མོངས་པར་མ་ཡིན། ཀུན་ནས་ཉོན་མོངས་པ་མ་ཡིན་པར་ཡང་མ་ཡིན། རྣམ་པར་བྱང་བར་མ་ཡིན། རྣམ་པར་བྱང་བར་མ་ཡིན་པར་ཡང་མ།




iiif viewer powered by OpenSeadragon

18a - 19a

Texts on this page

Q172 - 'phags pa shes rab kyi pha rol tu phyin pa'i mtshan brgya rtsa brgyad pa zhes bya ba
Q173 - 'phags pa shes rab kyi pha rol tu phyin pa kau shi ka zhes bya ba