| | e-texts navigator
|
18a1 མ་གྱེས་པ་དང་། མ་འགགས་པ་དང་། ཆ་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་གཅིག་བ་མ་ཡིན་པ་དང་། དོན་ཐདད་པ་མ་ཡིན་པ་དང་། འོ་བ་མེད་པ་དང་། འགྲོ་བ་མེད་པ་དང་། རྐྱེན་ཅིང་འབྲེས་པར་བཟུང་བ་མ
18a2 པར་སྐོམ་པ་དང་། རབ་ཏུ་བརྟག་པར་བྱ་བ་མ་ཡིན་པ་དང་། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་། གཞི་མེད་པ་དང་། མཚན་ཉིད་མེད་པ་དང་། བརྟག་པར་བྱ་བ་མ་ཡིན་པ་དང་། རིག་པར་བྱ་བ་མ་ཡིན་པ་དང་། ཐོག་མ་དང་ཐམ
18a3 འཇིག་པ་མེད་པར་མཛད་པ་དང་། གཡོ་བ་མེད་པར་མཛད་པ་དང་། གཉིས་སུ་མེད་པ་དང་། གཉིས་སུ་མེད་པ་མ་ཡིན་པ་དང་། ཞི་བ་དང་། བློ་འཇུག་པ་རྣམ་པར་སྤངས་པ་དང་། གཉེན་པོ་མེད་པ་དང་། མ་གོས་པ་དང་། ནམ་མཁའི་ལམ་དང་འདྲ
18a4 བ་དང་། ཡོད་པ་དང་མེད་པར་བརྗོད་པ་མ་ཡིན་པ་དང་། རྨི་ལམ་གྱི་ངོ་བོ་ཉིད་དང་། སྒྱུ་མ་ལྟ་བུའི་ཆོས་ཉིད་དང་། མགལ་མེ་བསྐོར་བ་དང་འདྲ་བ་དང་། ཆོས་ཐམས་ཅད་རོ་གཅིག་པ་ཉིད་དོ།། སུ་ཞིག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི
18a5 མཚན་བརྒྱ་རྩ་བརྒྱད་པ་འདི་དོན་པ་དེ་ངན་སོང་ཐམས་ཅད་ལས་རབ་ཏུ་ཐར་བར་འགྱུར་རོ། ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དགོངས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་རྟག་པར་རྒྱུན་ཏུ་བསྲུང་བདང་།
18a6 སྐྱོབ་པ་དང་། སྦེད་པར་བྱེད་པར་འགྱུརརོ།། དེའི་གསངས་སྔགས་ཀྱི་ཚིག་འདི་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་བྱའོ།། བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ། མོས་བལ་བྱམས་མ།
18a7 ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་མ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་མཁྱེན་པ་ཉིད། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་བཞེངས་པ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ།
18a8 ཨོཾ་པྲེདྡྷ་པྲ་ཛྙེ་མ་ཧཱ་པྲཛྙེ། པྲཛྙཱ་ཨ་བ་བྷ་སེ། པྲཛྙཱ་ཨ་ལོ་ཀ་ཀ་རེ། ཨད་ཛྙཱ་ན་བི་དྷ་མ་ནི། སིད་དྷེ། སུ་སིད་དྷེ། སིད་དྷྱ་མན། བྷ་ག་བ་ཏི་སརྦ་ཨང་ག་སུན་དྷ་རི། བྷ་ག་བ་ཏེ་བད་ས་ལི། པྲ་སཱ་རི་ཏ་ཧ་སྟེ། ས་མ་ཤཱ་ས་ཀ་རི། ཏིཥྛ
iiif viewer powered by OpenSeadragon
17b - 18b