e-texts navigator
Collection
Volume
Page
Wylie

16b1 མཁས་པར་འགྱུར་རོ། ། འབུམ་ཕྲག་གཉིས་བཟླས་ན་རིག་པ་འཛིན་པར་འགྱུར་རོ།། འབུམ་ཕྲག་གསུམ་བཟླས་ན་འཇམ་དཔལ་གྱིས་ཞལ་མཐོང་བར་འགྱུ་རོ།། གལ་ཏེ་མཚམས་མེད་པ་ལྔ་བྱས་པས་གྲུབ་པར་མགྱུར་ན་དེའི་ཚེ
16b2 དེ་ཉིད་མཚམས་མེད་པ་ལྔ་བྱེད་པ་ཡིན་ཞིང་། དེ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་གྱུར་ཅིག། རྗེ་བཙུན་འཕགས་པ་འཇམ་དཔལ་གྱིས་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །
16b3 འཕགས་པ་འཇམ་དཔལ་གྱི་སྔགས་ཡི་གེ་འབྲུ་གཅིག་པའི་ཚིག། ཏདྱ་ཐཱ། ཨོཾ་ཀྵྨཱི། གསང་སྔགས་ཡི་གེ་འབྲུ་གཅིག་པ་འདི་རབ་ཏུ་གསང་བ་སྟེ། དོན་ཐམས་ཅད་སྒྲུབ་པར་བྱེད་ལ། ལས་ཐམས་ཅད་བྱེད་པ། དེ་བཞིན་གཤེས
16b4 པ་ཐམས་ཅད་ཀྱི་སྙིང་པོ། རེ་བ་ཐམས་ཅད་ཡོངས་སུ་སྐོང་བར་མཛད་པ་སྟེ། སོ་ཤིང་ལ་བསྔགས་ནས་བཅངས་ན་སོན་པ་འབྱང་ངོ་།། མིག་ན་བ་ལ་རྒྱམ་ཆུ་བཏགས་པ་ལ་ལན་བདུན་བསྔགས་ཏེ་མིག་བཀང་ན་མིག་ནད་སེལ་ཏོ།།
16b5 མིའི་ཁོང་དུ་མཚོན་གྱི་དུམ་བུ་ལུས་པ་ལ་ཞུན་མར་རྙིང་པ་ལ་ལན་བདུན་ནམ།། བརྒྱ་རྩ་བརྒྱད་བསྔགས་ཏེ་བླུང་པ་འམ། རྨ་ཁར་བསྐུས་ན་མཚོན་གྱི་དུམ་བུ་འབྱུང་བར་འགྱུར་རོ།། ཟས་མཐུ་བ་དང་། སྤོས་ཏེ་གསུང་བ་དང་།
16b6 ཆད་པས་འཁྲུ་བ་ལ་མུ་རང་ཚྭའམ། རྒྱ་མཆུ་འམ། ཡང་ན་ལན་ཚྭ་གཞན་གང་ཡང་རུང་བ་ལ་ལན་བདུན་བསྔགས་ཏེ་ཟོས་ན་ནང་དེ་ལས་གྲོལ་ཏེ་དེ་ཉིད་ཀྱི་ཉིན་པར་སོས་པར་འགྱུར་རོ།། གླད་པ་ན་བ་ལ་བྱ་རོག་གི་སྒྲོ་ལ
16b7 ལན་བདུན་བསྔགས་ཏེ་བྱ་བས་ན་ནད་དེ་སོས་པར་འགྱུར་རོ། ། འཇམ་དཔལ་གྱི་ཡི་གེ་འབྲུ་གཅིག་པའི་གཟུངས་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་པྲཉྫ་པཱ་ར་མི་ཏཱ་ནཱ་མཥྚ་ཤ་ཏ་ཀ། བོད་སྐད་དུ། འཕགས་པ་ཤེས
16b8 རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་ཞེ་ཕྱག་བཅོམ་ལྡན་འདས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་འཚལ་ལོ། ། འདས་དང་མ་བྱོན་ད་ལྟར་གྱི།། རྒྱལ་བ་གང་ལགས་དེ་ཀུན་གྱི།། ཡུམ་ནི་དགེ་མ་ཁྱོད་ལགས་ཏེ།




iiif viewer powered by OpenSeadragon

16a - 17a

Texts on this page

Q169 - 'phags pa 'jam dpal gyi mtshan
Q170 - rje btsun 'phags pa 'jam dpal gyi shes rab dang blo 'phel ba zhes bya ba'i gzungs
Q171 - 'phags pa 'jam dpal gyi sngags yi ge 'bru gcig pa'i cho ga
Q172 - 'phags pa shes rab kyi pha rol tu phyin pa'i mtshan brgya rtsa brgyad pa zhes bya ba