e-texts navigator
Collection
Volume
Page
Wylie

14b1 གན་ནུའི་གཟུགས་ཀྱིས་གདུལ།། དབ་གྲན་རིན་ཆེན་རྣམ་པ་སྣ་ཚོགས་དང་། མུ་ཏག་དུ་ཞལ་གས་བ་རྒྱ་དུ་བཀྀ།། པད་མ་ལྟ་ཡི་བཟའ་ལ་མ་བ་སྣམས།། གམས་ན་ངོན་པ་ག་པསྡམས་པཐབས་ཀྱིས་འདུས།
14b2 དཔེ་མེད་རྣོབ་ཤེས་རབ་ཉིད་དུ་ངེས།། ཆོས་དབྱིངས་ཚུལ་ཉིད་ཡང་དག་བརྗོད་པ་དང་།། མེ་ཤིགས་རྡོ་རྗེ་གཏན་ནས་འབིགས་པའི་ཚུལ།། གཡོན་པ་ཤེས་རབ་ཕ་རོལ་ཕྱིན་པ་དང་། བླང་དེར་གཉིས་མེད་བསམ་གྱིས་མི་ཥྱ
14b3 དབྱིངས། ། ཟབ་མོའི་ཆོས་ཉིད་ཐུགས་སུ་ཆུད་པའི་དོན།། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྣོན་པོ་ལ་བསྟོད་པ་རྫོགས་སྷོ།། །། འཇམ་དཔལ་ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ། གཞོན་ནུའི་སྐུ་ལུས
14b4 འཆང་བ་པོ། ། ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཞིང་།། འཇིག་རྟེན་གཏི་མུག་མུན་སེལ་བ། ཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། ཟླ་བ་རྒྱས་པ་ཟིལ་གནོན་ཞིང་།། མ་རིག་རྣམ་པར་བསལ་གྱུར་པ།། འཇམ་པའི་དཔལ་ལ་ཕྱག་འཚལ་ལོ།།
14b5 མ་བགྱིས་ཟུར་ཕུར་གསལ་བ་གནོར་བུ་འབར་བའི་སྐྲ་མངའ་ཞིང་།། ཉིད་ནི་ཀུན་དུ་དགའ་བའི་སྐུ།། འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ།། བདུད་རྩི་འདྲ་ཞིང་འཇམ་ལ་ཟབ།། ཡིད་འོད་གསུང་གི་སྒྲ་སྒྲོགས་པ།། དམ་པའི་ཆོས་ཀྱི་རིན
14b6 ཆེན་མཛོད། ། འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད།། གང་གཱའི་ཆུ་ཐིགས་ལྟར་གྲངས་མེད།། འཇིག་རྟེན་ཁམས་ཀུན་མ་ལུས་པར།། ཉོན་མོངས་དྲི་མ་མ་ལུས་པ། འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད།། མཆེ་བ་གཙིགས་ཞིང
14b7 བསྒྲིམས་པ་ཡི། ། འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི།། གཤིན་རྗེའི་དྲེགས་པ་འཇོམས་མཛད་པ།། འཇམ་དཔལ་ཁྱོད་ལ་ཕྱག་འཚལ་སྟོང་།། རང་གི་སྤྱན་དང་མདངས་འདྲ་བའི།། ཨུད་པལ་སྔོན་པོས་རབ་མཛེས་པ།། ལྷུང་བཟེད་ཕྱག་ན
14b8 བསྡམས་པ་ཡི། ། འཇམ་དཔལ་ཁྱོད་ལ་ཕྱག་འཚལོ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ།། རྒྱ་ཆེར་མཆོད་དང་བསྟོད་པ་ཡིས།། གྲོལ་བའི་ལམ་ནི་སྟོན་པ་པོ།། འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ།། བུ་མོ་བརྒྱད་ཀྱི་སྟོང་པ་རྫོགས་སྷོ།།




iiif viewer powered by OpenSeadragon

14a - 15a

Texts on this page

Q164 - bcom ldan 'das kyis 'jam dpal rnon po la bstod pa
Q165 - 'jam dpal ngag gi dbang phyug la bu mo brgyad kyis bstod pa