| | e-texts navigator
|
20b1 དེའི་ལུས་ལ་ནང་ངན་པ་འབྱུང་བར་མི་འགྱུར་རོ།། ཆུས་མཆི་བའི་དུས་བྱེད་པར་མི་འགྱུར་རོ།། མེས་མ་ཡིན། མཚོན་གྱིས་མ་ཡིན། དུག་གིས་མ་ཡིན། ལྕེ་འབབ་པས་མ་ཡིན་ནོ།། གང་ནི་རྒྱལ་བའི་བུ་དག་རིག
20b2 སྔགས་འདོན་པའི་ས་ཕྱོགས་དེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་རིག་པར་བྱའོ།། ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་པ་དེས་སངས་རྒྱས་བཅོམ་ལྡན་འདས་ལ་རིམ་གྲོར་བྱ་བ
20b3 ཐམས་ཅད་ཀྱིས་སྟི་སྟང་བྱས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ལ་རིམ་གྲོར་བྱེད་པ་ནི་སངས་རྒྱས་ལ་རིམ་གྲོ་བྱེད་པ་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་གསུང་བའི་ཕྱིར་རོ།། སུ་ཞིག་གིས་འདི
20b4 བྲིས་ནས་ཡན་ལག་ལ་བཏགས་ན་དེའི་ཡན་ལག་ཐམས་ཅད་བསྲུངས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོ་ཆེན་པོ་བཞི་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་མི་དང
20b5 ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ།། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངས་རྫོགས
20b6 སྷོ། རྒྱ་གར་གྱི་མཁན་པོ་ཛཱི་ན་མི་ཏྲ་དང་། རཱན་ཤཱི་ལ་དང་ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨརྱ་དྲི་ད་ཤ་བུད་དྷ་ཀ་ན
20b7 ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག
20b8 གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་མི
iiif viewer powered by OpenSeadragon
20a - 21a