| | e-texts navigator
|
16a1 ནས་མ། པྲ་ཀྲྀ་ཏི་པ་རི་ཤུད་དྷ། ནཱིརྨ་ལེ། ཨ་ས་མན་ཏ། ཏྟདྡྷ་ཨ་ནུག་ཏཱ། ས་པྲ་ཧེ་ཏེ་པཱུན་ན་ཏ། ཨ་པ་རན་ཏ། མ་དྷདྷཱ་དྷཱ་ས་མཾ་ཏ་ཨ་ནར་ཤྲཱི། ཨ་ན་བ་ཤེཥ། པ་རི་ཛཱ་བྲཱདྷ་ན། བྷཱ་བ་ན། སཀྵ་ཀྲྀལ
16a2 པརམ་རང་ག་ཏེ། ཡ་བྷཱ་པ་ཏཱིཏ་ཐཱ་ཀཱ། སརྦ་ཨཱ་ཀཱ་རཱ་སམ་པན། སརྦ་ཨཱ་ཀཱ་ར་མ་ཧཱ། མཻ་ཏྲཱ~ཾ་མ་ཧཱ་ཀ་རུཎྚ། སརྦ་ཨཱ་ཀཱ་རཱ་ས་མ་ས་གྲྀ་ཧ~ཾ་ཨ་ནུ་པྲབ་ཏེ།། ལྕེའི་བུ་དག་འདི་ནི་སངས་རྒྱས་ཀྱི་སྙིང་བ་ཞེས་བྱ་བའི་གཟུས
16a3 ཀྱེ་ཆོས་ཀྱི་རྣམ་གྲངས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་འཁོར་བཞི་པོ་ལས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ལུས་ལ་ཐོགས་སམ། ལེགས་པར་ཁ་ཏོན་དུ་བྱས་ཏེ་འཛིན་པ་དེས
16a4 དམན་པའི་སེམས་སུ་མི་བྱ་སྟེ། དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ་དེ་དག་གི་སྤྱི་གཙུག་གི་སྟེང་གི་མཚམས་སུ་གནས་པར་འགྱུར་རོ།། ཁ་གཅིག་ནི་ངེས་པར་སངས་རྒྱས་མཐོང་བར་འགྱུར་རོ།། ཁ་གཅིག་ནི
16a5 ཐོས་པར་འགྱུར། ཁ་ཅིག་ནི་ཆོས་སྟོན་པར་འགྱུར། ཁ་གཅིག་ནི་གཟུངས་མི་བརྗེད་པར་འགྱུར། སློབ་པ་ལམ་ལ་གནས་པ་རྣམས་ནི་ལམ་གྱི་རྒྱུན་མི་འཆད་ཅིང་ཆོས་སྟོན་པ་རྒྱུན་མི་འཆང་བར་འགྱུར། ཀུན་ཏུ་འཛིན་པ།
16a6 མི་བརྗེད་པར་ཡང་འགྱུར། སྐྱེ་བ་གཅིག་གིས་ཐོགས་པ་གྲུབ་པར་འགྱུར། དེ་དག་དང་ལྡན་ན་ཐོས་པ་རྒྱ་མཚོ་ཐམས་ཅད་ཀྱི་གཟུངས་ཐོབ་པར་འགྱུར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་ནས་སངས་རྒྱས་ཀྱི་རྣམ
16a7 བར་ཐར་པ་སྒྲིབ་པ་མེད་པ་དང་། ཡོངས་སུ་རྫོགས་པའི་བར་དུ་རྗེས་སུ་ཐོབ་པར་འགྱུར་རོ།། ཁྱེད་ཀྱིས་ཚེ་འདི་ལ་ངའི་བསྟན་པའི་དགོངས་པ་ཁོང་དུ་ཆུད་པར་བྱའོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ལ་ཡང་ངེས་པར
16a8 བསྟན་པར་བྱ་ཞིང་བསྒྲག་པར་བྱའོ། ། ཡལ་བར་མི་འདོར། ཕྱི་བཤོལ་མི་བྱ། བརྗེད་པར་མི་བྱའོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་བསྒྲུབ་པར་བགྱིའོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་སྙིང་པོ་ཞེས་བགྱི་བའི་གཟུངས་ཀྱི།
iiif viewer powered by OpenSeadragon
15b - 16b