| | e-texts navigator
|
12b1 ཡེ་ཤེས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་གཞི་འདི་དག་ནི་གྲུབ་པའོ།། ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ།། གང་ལ་སེར་སྣ་རྣམ་ཆགས་པ།། རྣམ་བཅོམ
12b2 དྲིམ་མེད་མཛད་ཅིང་། ། ཐུགས་ཞི་གནོད་པ་མི་མ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། འདྲེན་པ་གང་ཞིག་འགྲོ་བ་རྣམས།། ཐར་པའི་ལམ་དུ་འཛུད་མཛད་ཅིང་།། ཆོས་རྣམས་ཐམས་ཅད་སྟོན་པ་དེག།། ཁྱེད་ལ་བདེ་ལགས
12b3 མཛད་པར་འགྱུར། ། སྟོན་པ་འགྲོ་བ་རྣམས་ཀྱི་རྟེན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གང་གིས་བདེ་བ་མངའ་མཛད་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྐྱོབ་པ་གང་ཞིག་བྱམས་པ་ཡི།། ཐུགས་ཀྱིས་འགྲོ་བ་འདི་དག
12b4 ཀུན། བུ་གཅིག་བཞིན་དུ་རྟག་བསྐྱངས་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་འཁོར་བར་འཁོར་བ་ཡི།། སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་།། གླིང་དང་དཔུང་གཉེན་གྱུར་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།།
12b5 གང་ཞིག་ཆོས་ཀུན་མངོན་སུམ་གྱུར།། གཙང་ཞིང་སླུ་བ་མི་མངའ་ལ།། གསུང་གཙང་གཙང་མར་མཛད་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། དཔའ་བོ་ཆེན་པོ་གང་སྐྱེས་པས།། ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་།། དོན
12b6 གྲུབ་ཚོགས་ཀྱང་གྲུབ་པ་དེས། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་སྐྱེས་པས་ས་རྣམས་ན།། ནགས་ཚལ་བཅས་པར་རབ་གཡོས་ཤིང་།། སེམས་ཅན་ཐམས་ཅད་རབ་དགའ་དེས།། ཁྱེད་ལ་བདེ་ལེགས་མཛད་པར
12b7 འགྱུར། ། བྱང་ཆུབ་སྙིང་པོར་གང་ཞིག་གིས།། ས་དག་རྣམ་དྲུག་གཡོས་གྱུར་ཅིང་།། བདུད་ཡིད་མི་བདེར་གྱུར་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། འཕགས་པའི་བདེན་པ་རྣམས
12b8 གསུང་བ། ། ཐུབ་པའི་སྙན་པ་གང་བྱུང་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཡིད་འཕྲོག་གང་གྲི་མུ་སྟེགས་བྱེད།། ཐམས་ཅད་ཆོས་ཀྱིས་ཕ་མ་མཛད་ཅིང་།། ཆོས་ཀུན་དབང་དུ་མཛད་པ་དེས།། ཁྱེད་ལ་བདེ་ལེགས།།
iiif viewer powered by OpenSeadragon
12a - 13a