e-texts navigator
Collection
Volume
Page
Wylie

11b1 ཆོས་ཀྱང་སྤྱོད་གྱུར་ཅིག། དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཡངས་པའི་གྲོང་ཁྱེར་དུ་སོང་སྟེ།། སྒོ་བྲིམ
11b2 བ་ལ་རྐང་པོ་བཞག་ནས་གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ།། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་སར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས
11b3 བཀའ་སྩལ་ཏོ། ། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས
11b4 ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ། ཆོས་ཐམས་ཅད་ཀྱིས་བསམས་པ། ཚངས་པས་བསམས་པ། ཚངས་པ་པོས་བསམས་པ། འདོད་པའི་དབང་ཕྱུག་གིས
11b5 བསམས་པ། ལྷས་བསམས་པ། ལྷ་མ་ཡིན་གྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ཡིན་གྱི་མདག་བཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། ས
11b6 རཏྣ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ།། མུན་ཙ་ཀུ་ན་ཙ། མ་འདུག་ཤིག། ཡམས་ཀྱི་ནད་ཞི་བར་གྱུར་ཅིག། ནིང་གད་ཚཏ། ནིར་གད་ཚཏ།
11b7 ནིར་གད་ཚ་ཏ། ནིར་གད་ཚ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིག། དབང་པོ་དང་བས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་རྣམས་དང་། དབང་པོའི་བདག་པོ་དང་བཅས་པ་རྣམས་དང
11b8 སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོད་། ལྷ་སྟོང་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་སྟོང་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ




iiif viewer powered by OpenSeadragon

11a - 12a

Texts on this page

Q142 - 'phags pa yangs pa'i grong khyer du 'jug pa'i mdo chen po