e-texts navigator
Collection
Volume
Page
Wylie

11a1 མི་བདེར་གྱུར་པ་དེས། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། འཕགས་པའི་བདེན་པ་རྣམ་གསུང་བ།། ཐུབ་པའི་སྙན་པ་གང་བྱུང་དེས།། ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར།
11a2 ཡིད་འཕྲོག་གང་གིས་མུ་སྟེགས་བྱེད།། ཐམས་ཅད་ཆོས་ཀྱིས་བམ་མཛད་ཅིང་།། ཚོགས་ཀུན་དབང་དུ་མཛད་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད།། བརྒྱ་བྱིན་ལྷ་བཅས
11a3 བདེ་ལེགས་དང་། ། འབྱུང་པོ་ཀུན་གྱི་བདེ་ལེགས་ནི།། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག། སངས་རྒྱས་བསོད་ནམས་མཐུ་དག་དང་།། ལྷ་རྣམས་ཀྱིས་ནི་བསམས་པ་ཡིས།། ཁྱེད་རྣམས་དོན་འདོད་གང་ཡིན་པ།། དོན་དེ
11a4 རིང་གྲུབ་གྱུར་ཅིག། རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག། ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག། ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ་ལེགས་མཚན་བདེ
11a5 ལེགས། ། ཉི་མ་གུང་ལའང་བདེ་ལེགས་ཤོག། ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། སངས་རྒྱས་ལྷ་རྣམས་སྟོང་དག་གིས།། ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས།།
11a6 སྡང་སེམས་ལྡན་པ་རྣམས་བྱེད་ཅིག། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད།། སངས་རྒྱས་རང་སངས་རྒྱས་རྣམས་དང་།། དགྲ་བཅོམ་སློབ་པའི་བདེན་ཚིག་གིས།། འཇིག་རྟེན་མི་པན་བྱེད་པ་རྣམས།། གྲོང་ཁྱེར
11a7 འདིར་ནི་སྟོངས་གྱུར་ཅིག། སེམས་ཅན་ཀུན་དང་སྲོག་ཆགས་ཀུན།། འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན།། བདེ་བ་འབའ་ཤིག་ལྡན་གྱུར་ཅིག། ཐམས་ཅད་ནད་རྣམས་མེད་པར་ཤོག། ཀུན་གྱིས་བཟང་རྣམས
11a8 མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར་ཅིག། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིག། ས་དང་བར་སྣང་དག་ལ་གནས་པ་རྣམས།། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག། ཉིན་དང་མཚན་དུ




iiif viewer powered by OpenSeadragon

10b - 11b

Texts on this page

Q142 - 'phags pa yangs pa'i grong khyer du 'jug pa'i mdo chen po