e-texts navigator
Collection
Volume
Page
Wylie

10b1 སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཟུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས
10b2 ཀྱིས་ནི་ཕྲན་ནི་ག་ཚ་ཏ་སྐ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་བའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ།། ཚིགས་སུ་བཅད་པ་འདི་དག་ནི
10b3 གྲུབ་པའོ། ། གང་ལ་སེར་སྣ་རྣམ་ཆགས་པ།། རྣམ་བཅོམ་དྲི་མ་མེད་མཛད་ཅིང་།། ཐུགས་ཞི་གནོད་པ་མི་མངའ་དས།། ཁྱེད་ལ་བདེ་ལེགས་མཛད་བར་འགྱུར།། འདྲེན་པ་གང་ཞིག་འགྲོ་བ་རྣམས།། ཐར་པའི་ལམ་དུ་མཛུད་མཛད
10b4 ཅིང་། ། ཆོས་རྣམས་ཐམས་ཅད་སྟོན་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྟོན་པ་འགྲོ་བ་རྣམས་ཀྱི་རྟེན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། གང་གིས་བདེ་བ་མངའ་མཛད་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།།
10b5 སྐྱོབ་པ་གང་ཞིག་བྱམས་པ་ཡི།། ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།། བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ།། ཁྱེད་ལ་བདེ་ལགས་མཛད་པར་འགྱུར།། གང་ཞིག་འཁོར་བར་འཁོར་བ་ཡི།། སེམས་ཅན་ཀུན་གྱི་རྟེན
10b6 གྱུར་ཅིང་། ། གླིང་དང་དཔུང་གཉེན་གྱུར་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་ཆོས་ཀུན་མངོན་སུམ་གྱུར།། གཙང་ཞིང་སླུ་བ་མི་མངའ་ལ།། གསུང་གཙང་གཙང་མར་མཛད་པ་དེས།། ཁྱེད་ལ་བདེ
10b7 ལེགས་མཛད་པར་འགྱུར། ། དཔའ་བོ་ཆེན་པོ་གང་སྐྱེས་པས།། ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་།། དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་སྐྱེས་པས་ས་རྣམས
10b8 ནི། ། ནགས་ཚལ་བཅས་པ་རབ་གཡོས་ཤིང་།། སེམས་ཅན་ཐམས་ཅད་རབ་དགའ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། བྱང་ཆུབ་སྙིང་པོར་གང་ཞིག་གིས།། ས་དག་རྣམ་དྲུག་གཡོས་གྱུར་ཅིང་།། བདུད་ཡིད




iiif viewer powered by OpenSeadragon

10a - 11a

Texts on this page

Q142 - 'phags pa yangs pa'i grong khyer du 'jug pa'i mdo chen po