| | e-texts navigator
|
264b1 རྣམས་ཀྱིས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ནས་ལེགས་སོ་ཞེས་བྱ་བ་གསོལ་ཏེ་ལན་བདུན་དུ་སྐོར་བ་བྱས་སོ། ། དེ་ནས་དེ་བཞིན་གཤེགས་པ་བདུན་པོ་དེ་དག་མི་སྡང་བར་གྱུར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འདི་སྐད་ཅེས
264b2 བཀའ་སྩལ་ཏོ། ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་དང་གཟུངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། མཆོད་པ་དེས་གཙང་མར་བྱས་ཏེ། ཕྱོགས་གཙང་མར་འཕགས་པའི་ཡན་ལག་བརྒྱད་དང
264b3 ལྡན་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བས་ས་ག་ལ་བབ་པའི་ཉ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་དེ་དག་གི་སྐུ་གཟུགས་བྱས་ལ།། ཆོས་བརྒྱད་དང་། བཅུ་བཞི་དང་། བཅཝ་ལྔ་ལ་བསྲུང་བར་གནས་པས། གཟུངས་འདི་དག
264b4 བཞི་བཅུ་རྩ་དགུའམ། སྟོང་རྩ་བརྒྱད་དམ། སྟོང་ཕྲག་བཞི་བཅུ་རྩ་དགུ་འདོན་ཅིང་མེ་ཏོག་དང་། བདུག་པ་དང་། སྤོས་དང་མར་མེ་དང་། ཕྲེང་བ་དང་། རོལ་མོའི་སྒྲ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་ཉིན་ལན་གསུམ་མཚན
264b5 ལན་གསུམ་མཆོད་པ་བྱེད་ན། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་པར་འགྱུར། ཚངས་པ་དང་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཀླུའི་དགེ་བསྙེན་ཆེན་པོ་དེ་དག་གིས
264b6 ཀྱང་ཡོངས་སུ་སྦྱོང་བར་འགྱུར། གནོད་སྦྱིན་རྡོ་རྗེ་འཛིན་ཐམས་ཅད་ཀྱང་ཡང་དག་པར་བསྲུང་བར་འགྱུར། མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར
264b7 རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་ད་དགྲ་དང་དགོན་པའི་གནོད་པ་དང་། འཐབ་པ་དང་། བརྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུམ
264b8 འགྲོ་བར་འགྱུར། ཅི་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ལོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི
iiif viewer powered by OpenSeadragon
264a - 265a