e-texts navigator
Collection
Volume
Page
Wylie

178b1 གྲདས་པའི་ཆོས་ཀྱི་གྲགས་པ་མ་དང་། གཉིས་སུ་གནས་ལ་དུས་གསུམ་དུ་སྡིག་པ་བཤགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་གསོལ
178b2 བའདེབས་པས་ཅི་སྲིད་མཚན་མཐུང་བར་བྱུང་གྱི་བང་རུབཟླས་པ་བྱའོ། ། ཡང་དེའི་ཉིལ་ཆོག་སྔ་མ་བཞིན་དུ་ཉིན་ན་གགཤེ་སྤང་བར་གནས་ནས་ཇི་སྐད་བསྟན་པའི་རྫས་རྣམས་ལས་གང་ཡང་རུང་བ་བླངས་ལ་ཅི་སྲིད་འབར་བར་གྱུར་གྱི་བར་དྲ་བཟླས
178b3 ན་དེ་ཉིད་ཀྱིས་རིག་པ་འཛིན་པར་འགྱུར་རོ། ། རེག་པ་མཆོག་དོན་ཡོད་པ་འདི་ནི་རང་བཞིན་གྱིས་དྲུབ་གཟིགས་པ་མེད་པ་ཡིད་ལ་རེ་བའི་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པ་སྟེ། ཅི་ལྟ་ཅི་ལྟར་རབ་ཏུ་སྦྱོར་བ་དེ་ལྟ་དེ་ལྟར་འགྲུབ་པར་འགྱུར་རོ།། རང
178b4 བཞིན་གྱིས་གྲུབ་པ་ཀླགས་པས་འགྲུབ་པ་ཡིན་པས་བཟླས་པ་ཙམ་གྱི་འདོད་པ་ཐམས་ཅད་བྱེད་པ་ཡིན་ནོ། ། དོན་ཡོད་པའི་རྟོག་པའི་ཆོ་ག་བཞིན་སྦྱར་བ་འམ། ཅི་ལྟར་འདོད་པ་བཞིན་དུ་བསྒྲུབ་པར་བྱའོ།། ཡང་ན་རས་རིས་བསྒྲུབ་པར་འདོད
178b5 ནབཅོམ་ལྡན་འདས་པད་མའི་གདན་ལ་དཀྱིལ་མོ་དཀྲུང་གིས་བཞུགས་པ་བྱའོ། ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་འཕགས་པ་ཕྱག་ན་རྡོ་རྗེ་ཀུན་ནས་འབར་བས་བསྐོར་བ། བཅོམ་ལྡན་འདས་ཅོད་པན་ལས་བྱུང་བའི་འོད་ཟེར་གྱིས
178b6 མངོན་པར་དབང་བསྐུར་བ་བྲི་བར་བྱའོ། ། བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་རིག་པའི་མཆོག་ཅེས་བྱ་བའི་རྒྱལ་མོ་གསེར་གྱི་མདོག་ཅན་རལ་པ་དང་བཅས་པ།། གོས་གཙང་མ་བགོས་པ་པད་མའི་གདན་ལ་བཞུགས་པ།། བཅོམ་ལྡན་འདས་ལ
178b7 ཐལ་མོ་སྦྱར་བ་འོད་ཀྱི་ཕྲེང་བས་བརྒྱན་པའོ། ། བཅོམ་ལྡན་འདས་མའི་འོག་ཏུ་མཐའ་མེད་ཅེས་བྱ་བའི་འཁོར་རལ་གྲི་དང་། ཞགས་པ་ལགན་ཐོགས་པ། མདོག་སྔོ་བསངས་ཁྲོས་ཤིང་འཁྲུགས་པ། གོས་དམར་སེར་ཟུང་བགོས་པ། ཁྲོ་གཉེར་བསྡུས
178b8 པ་བགེགས་ཐམས་ཅད་ཚར་གཅོད་པ། མངག་གཞུག་པ་རིན་པོ་ཆེའི་ཕྲག་ལ་འདུག་པ་བྲི་བར་བྱའོ།། འཕགས་པ་ཕྱག་ན་རྡོ་རྗེའི་འོག་ཏུ་ནི་སྒྲུབ་པ་པོ་ཐལ་མོ་སྦྱར་བ་རིན་པོ་ཆེའི་བྲག་གི་པད་མའི་སྡོང་བུ་ལ་བཞུགས་པ་མེ་ཏོག་གི་འཁྲི་ཤིང




iiif viewer powered by OpenSeadragon

178a - 179a

Texts on this page

Q134 - dam tshig gsum bkod pa'i rgyal po zhes bya ba'i rgyud