| | e-texts navigator
|
178a1 པའི་རྗེས་སུ་བྱས་པའམ། ལྷག་མས་ཀྱང་བསྒྲུབ་པར་བྱའོ།། ཡིད་ལ་གང་འདོད་པའམ། རིག་སྔགས་དང་གསང་སྔགས་དང་། རྟོག་པའི་ཆོ་ག་གཞན་ལ་ཡང་སྦྱར་བའམ། དེ་བཞིན་གཤེགས་པའི་སྙིང་པོ་ནས་གསུངས་པའི་རྫས་རྣམས
178a2 སམ། དེ་བཞིན་གཤེགས་པའི་སྙིང་པོ་ནས་གསུངས་པའི་ཆོ་ག་འམ། ཡིད་ལ་གང་འདོད་པའི་ཚོགས་ཀྱང་སྒྲུབ་པ་བྱས་ན་དེ་ཉིད་ཀྱིས་རིག་པ་འཛིན་པར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐད་ནམ་དངོས་གྲུབ་བླང་བའི
178a3 གའོ། ། ཇི་སྐད་བསྟན་པའི་ཕྱོགས་འདིག་ཏུ་མཆོད་རྟེན་དང་། སྐུ་གཟུགས་དང་། དམ་པའི་ཆོས་ཀྱི་གླེགས་བམ་མམ། གང་ཡང་རུང་བའི་མདུན་དུ་མེ་ཏོག་སིལ་མ་བཀྲམ་པའི་དཀྱིལ་འཁོར་བྱས་ལ། ཅེ་འབྱོར་པའི་དྲི་དང་མེ་ཏོག་དང་། ཕྲེང་བ་ལ་སོགས་ཏཱི
178a4 མཆོད་པ་བྱས་ཀྱང་རུང་མ་བྱས་ཀྱང་རུང་། ། ཀུ་ཤའི་ཆང་བུ་ལ་ཉེ་བར་འདུག་ནས་ལག་པ་འམ་གཞན་དུ་ཡང་རུང་ལྡོང་རོས་ལ་སོགས་པའི་རྫས་བཟུང་ནས། ལོ་མའི་བར་རམ་གོས་ཀྱི་བར་དུ་འམ། ལྕགས་དང་དངུལ་དང་། གསེར་གྱི་སྣོད་དུ་བཞག
178a5 ལ་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་པ་བྱས་ན། དེ་བཞིན་དུ་བསོད་ནམས་ཇི་ལྟ་བ་བཞིན་རིག་པ་འཛིན་པར་འགྱུར་རོ།། གཞན་གྱི་མི་ཕྲོགས་པ་ཞེས་བྱ་བ་སྟེ། འདི་ནི་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ཆོ་ག་ཡིན་ནོ།།
178a6 གའདི་ཉིད་ཀྱིས་དབེན་ཞིང་སྟོང་པའི་རི་དང་། ཆུ་ཀླུང་དང་མཚེའུ་དང་། ཚལ་ཉམས་དགའ་བ་འམ། ཤིང་གཅིག་གམ། གཙུག་ལག་གི་གནས་སམ། སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་རྩ་འམ། སྐུ་གཟུགས་བཞུགས་པའམ། གཞན་ཡང
178a7 གཙུག་ལག་ཁང་གི་བྲང་གང་ལ་སོགས་པ་དབེན་པར་བསྒྲུབ་པར་བྱ་སྟེ། འདུ་འཛི་དང་བྲལ་བ་འམ། སངས་རྒྱས་རྗེས་སུ་དྲན་པ་ལ་གོམས་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། དད་པ
178a8 དང་ལྡན་པ་སེར་སྣ་མེད་པས་སོམ་ཉིདང་བྲལ་བའི་སེམས་ཀྱིས་ལུས་དང་སྲོག་ལ་ཡང་ལྟོས་པ་མེད་པར་བྱའོ། ། གཞན་ཡང་ཐམས་ཅད་ཀྱི་ཐུན་མོང་ག་ཚི་ག་ནི་རི་དང་ཆུ་འགྲམ་དང་། འབབ་ཆུའི་ངོས་ལ་སོགས་པའི་གནས་དབེན་ཞིང་སྟོང་པ་རྣམ
iiif viewer powered by OpenSeadragon
177b - 178b