| | e-texts navigator
|
177b1 བ་ཡིན་ནོ། ། གལ་ཏེ་ཆོ་ག་འགའ་ཞིག་མ་བྱས་སམ། བྱ་བ་གཞན་གྱིས་བྲེལ་བས་ཉི་མ་གཅིག་གམ་གཉིས་སམ། གསུམ་ལ་སོགས་པར་ལས་ལས་ཉམས་ན་ཡང་དེས་བརྩོན་འགྲུས་དོར་བར་མི་བྱ་སྟེ། ཟླ་བ་དེ་ཉིད་ཀྱི་ཉ་ལ་ཉིན་མཚན་གཅིག་ཏུ་བཅོམ
177b2 ལྡན་འདས་ཀྱི་མདུན་དུའམ། མཆོད་རྟེན་དང་སྐུ་གཟུགས་དང་། དམ་པའི་ཆོས་གླེགས་པ་མམམ། གཞན་གྱི་མདུན་དུ་ཡང་རུང་། མཆོད་པ་ཅི་འབྱོར་པ་བྱས་ནས་ཀུ་ཤ་བཀྲམ་པ་ལ་འདུག་སྟེ་བསྲུང་བའི་ཆོག་བྱས་ནས་འཁོར་ལོ་དང་རྡོ་རྗེ་དང་རྩེ་གསུམ་དང་།
177b3 མདུང་དང་ཁ་ཊྭཱཾ་ག་ཡང་རུང་ལྕགས་ལས་བྱས་པ་འམ། ས་ལས་བྱས་པ་ཡང་རུང་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ནས་གསུངས་པའི་མཚོན་ཆ་རྣམས་ལས་གང་འདོད་པ་ཞིག་ལག་ཏུ་བླངས་ནས་སྒྲུབ་པ་བྱས་ན་དེས་ནམ་བྱེད་དམ། ཉི་མ་འཆར།
177b4 ཀར་ངེས་པར་འབར་བར་འགྱུར་རོ།། དེ་ཉིད་རིག་པ་འཛིན་པར་འགྱུར་ཏེ། སྐད་ཅིག་དེ་ལ་རིག་འཛིན་གྱི་རིགས་ཀུན་ཉེ་བར་འདུས་ནས་དེ་ལ་དབང་བསྐུར་བར་འགྱུར་རོ།། དེ་ནས་བཟུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནམ་མཁའ་ལ་རྒྱུ་ཞིང་དེ་བཞིན
177b5 གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་རྗེས་སུ་འཇུག་ཅིང་མཆོད་པ་ཆེན་པོ་བྱེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་ནས་བདེ་བ་དང་ལྡན་བཞིན་དུ་ལྷ་དང་ཀླུ་དང་། གནོད་སྦྱིན་ཐམས་ཅད་ཀྱིས་མཆོད་ཅིང་རིག་པ་འཛིན་པ
177b6 ཐམས་ཅད་མངོན་པར་དགའ་བར་བྱེད་པའི་རིག་སྔགས་འཛིན་པའི་རྒྱལ་པོ་ཆེན་པོར་འགྱུར་རོ། ། མཐའ་ཡས་པའི་བུད་མེད་ཀྱི་འཁོར་ལ་སོགས་པ་ལ་ཡོངས་སུ་ལོངས་སྤྱོད་ཀྱང་ཉམས་པར་མི་འགྱུར་ཞིང་ལུས་དེ་ཉིད་མི་འདོར་བར་བདེ་བར་རྗེས་སུ
177b7 འཇུག་པར་འགྱུར་རོ། ། ཐབས་འདི་ཉིད་ཀྱིས་མཐར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུའི་བར་དུ་ཡང་འཐོབ་པར་འགྱུར་རོ།། འཁོར་ལོ་ལ་སོགས་པ་མཚོན་ཆ་རྣམས་ལ་ཅི་ལྟ་བ་བཞིན་དུ་ལྡོང་རོས་དང་མིག་སྨན་དང
177b8 བབ་བླ་དང་གི་ཝ་ང་དང་། གོས་དང་ཀུ་ཤ་དང་། ནོར་བུ་དང་རྨ་བྱའི་སྒོ་དང་སྣོད་དང་། མཆིལ་ལྷམ་དང་། གདུགས་དང་རྔ་ཡབ་དང་། རྒྱལ་མཚན་དང་འཕན་དང་པད་མ་དང་། ཨུཏྤ་ལ་འམ་ཏ་ལའི་ལོ་མ་ལ་ས་རལ་གྲི་དང་། ཆུ་གྲི་དང་། གྲི་དང་ཁ་ཊྭཱཾ་ག་ལ་སོགས
iiif viewer powered by OpenSeadragon
177a - 178a