| | e-texts navigator
|
177a1 བ། ཅད་ལ་ཕན་པ་དང་བདེ་བ་སྦྱིན་པར་ཡིད་ལ་བྱས་ནས་དེ་ལྟ་བུའི་སྤྲུལ་པའི་སྤྲིན་མངོན་པར་སྒྲུབ་པར་བྱེད་པའི་སྦྱོར་བས་བསྟན་པའི་དེ་བཞིན་གཤེགས་པའི་སྙིང་པོའི་སྔགས་ལན་བརྒྱད་ཀྱི་བར་དུ་བརྗོད་པར་བྱའོ།། དེ་ནས་སངས་རྒྱས་དང་།
177a2 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་དམིགས་ལ་བཟླས་པ་གོམས་པར་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་གྱུར་པ་དང་། སངས་རྒྱས་ཀྱི་ཆོས
177a3 ཐམས་ཅད་གྲུབ་པར་གྱུར་པ་དེ་དག་ལ་རྗེས་སུ་ཡིད་རང་བ་ལ་དམིགས་པའི་སེམས་ཀྱིས་གོམས་པར་བྱས་ཤིང་བཟླས་པ་བྱ་སྟེ། ཅི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུའོ།། དེ་ནས་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བས་བླ་ན
177a4 མེད་པའི་སེང་གེའི་སྒྲ་སྒྲོགས་པ་དང་། བླ་ན་མེད་པའི་སེམས་ཅན་གྱི་དོན་མཛད་ཅིང་དེ་བཞིན་གཤེགས་པ་ཀུན་དུ་བཟང་པོ་ཡེ་ཤེས་ཀྱི་སྐུ་ཡོངས་སུ་རྫོགས་པ་ལ་མངོན་པར་མོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ
177a5 ཕྱག་འཚལ་ནས་ལངས་ཏེ་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པ་ཡངས་ཤིང་རྒྱ་ཆེ་བའི་མདོ་སྡེ་བཀླག་པ་འམ་གཞན་ཡང་རུང་ཅི་ལྟར་བསམས་པ་བཞིན་དུ་སྔ་དྲོ་དུས་ཀྱི་བར་དུ་གནས་པར་བྱའོ། ། དེ་ནས་གླེགས་བམ་ལ་སོགས་པ་མཆོད
177a6 པའམ། ཐ་ན་མཆོད་རྟེན་ལ་ཕྱག་བྱས་ནས་ཟས་ཟ་བར་བྱའོ།། ཟ་བའི་ཚེ་ཁ་ཟས་ལ་སྔགས་འདྲིས་ལན་བརྒྱད་མངོན་པར་བསྔགས་ལ་དང་པོའི་ཆང་བུ་ལྷ་བཤོས་སུ་ཕུལ་ལ་བཟའ་བར་བྱའོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ན་མཿསརྦ་བུད་དྷ
177a7 བོ་དྷི་སཏྭ་ནཱཾ། ཨོཾ་བ་ལན་དཱ་ཏེ། ཏེ་ཛོ་མ་ལི་ནི་སྭཱ་ཧཱ། ཟས་ཀྱི་དུབ་པ་ཅུང་ཞིག་ང་ལ་སོས་ལ་ཕྱི་དྲོའི་དུས་སུ་ཡང་ཆོ་ག་འདི་བཞིན་དུ་བྱའོ།། ཉལ་བའི་ཚེ་དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག
177a8 འཚལ་ནས་བདག་ཉིད་ཕུལ་ལ་ཕྱི་ནས་མལ་དུ་ཅི་ལྟར་འདོད་པར་གཉིད་ལོག་ལ་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་བྱའོ། ། དེ་ལ་ཆོ་ག་ནི་འདི་ཡིན་ནོ།། ཚེས་གཅིག་ནས་བརྩམས་ནས་ཉིན་རེ་ཉིན་རེ་ཞིང་ཟླ་བ་གཅིག་རྫོགས་ཀྱི་བར་དུ་འདི་བཞིན་དུ་བྱ
iiif viewer powered by OpenSeadragon
176b - 177b