e-texts navigator
Collection
Volume
Page
Wylie

173b1 ན་ཐོས་པ་འཛིན་པ་འམ་རིག་པ་འཛིན་པར་འགྱུར་རོ།། ཉི་མ་གཟས་ཟིན་པ་ན་བབ་བླ་ཤིང་མྱ་ངན་མེད་ཀྱི་ལོ་མ་ལ་བཞག་སྟེ། དགོན་པའི་མཆོད་རྟེན་ནམ་རི་བོའི་མཆོད་རྟེན་གྱི་རྩར་དཀྱིལ་འཁོར་ལ་མེ་ཏོག་གཏོར་བ་བྱས་ཤིང་ཇི་སྲིད་བསྒྲུབ་པ
173b2 གསུམ་ཐོབ་པར་གྱུར་པ་དེ་སྲིད་དུ་བཟླས་ན་འབར་བར་གྱུར་ནས་རིག་པ་འཛིན་པར་འགྱུར་རོ། ། བ་བླ་ལ་ཇི་ལྟ་བ་དེ་བཞིན་དུ་ལིག་བུ་མིག་དང་ལྡོང་རོས་ལ་སོགས་པ་ལ་ཟླ་བ་གཟས་ཟིན་པའམ་ཉི་མ་གཟས་ཟིན་པ་ན་བསྒྲུབ་པར་བྱའོ།། གང་ཞིག་སངས་རྒྱས
173b3 ད་ཨང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལ་འཇུག་པར་འགྱུར་བའམ་རྟེན་འཕོ་བར་འདོད་པའམ་རྒལ་བར་འདོད་པའམ་སེམས་ཅན་རྣམས་དང་སྐྱེ་བོ་སྡུག་བསྔལ་བ་རྣམས་འཁོར་བ་ལས་ཡོངས་སུ་སྲུང་བར་བྱེད་འདོད་པའམ་བདག་ཉིད་མཐོང་བའི་ཆོས
173b4 ན་ཡིད་ལ་སངས་རྒྱས་ཀྱི་མཛད་པ་ལ་ངེས་པར་སྦྱོར་བར་འདོད་པ་འམ་གསལ་པོར་སྣང་བ་ལ་གཞན་དག་ཡང་དག་པར་སྦྱོར་བར་འདོད་པ་འམ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ལེགས་སོ་ཞེས་པའི་རྣམ་པ་རབ་ཏུ་བསྒྲགས་པ་མྱུར་དུ་རྙེད་པར
173b5 འདོད་པའམ་ཕྱིར་མི་ལྡོག་པ་ས་ལ་སྐྱེ་བ་རྙེད་པར་འདོད་པས་སྔགས་ཀྱི་སྤྱོད་པའི་སྒོ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལ་བསླབ་པར་བྱའོ། ། ཐབས་ལ་མཁས་པ་འདིས་ཀྱང་ཡོངས་སུ་ཟིན་པར་བྱ་སྟེ། སྨོན་ལམ་རྒྱ་ཆེན་པོ་བྱ་བ་དང་སྡིག་པ་རྣམས
173b6 ས་ཨོ་སོར་བཤགས་པ་དང་དུས་གསུམ་དུ་འབྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་རྗེས་སུ་ཡི་རང་བ་དང་རྗེས་སུ་ཡི་རང་བ་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རྒྱུ་ཉིད་དུ་རབ་ཏུ
173b7 སྦྱོར་བར་གྱུར་ཅིག་ཅེས་དེ་ལྟར་བསྔོའོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཤིང་སེམས་ཅན་གྱི་དོན་འབྱུང་བར་གྱུར་ཅིག་ཅེས་དང་པོ་ཚིག་ཏུ་བརྗོད་པ་འམ་རྗེས་སུ་བསམ་པ་འམ་དམིགས་ནས་བདག་གི་བསོད་ནམས་ཀྱི
173b8 སྟོབས་དང་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཅིང་སེམས་ཅན་གྱི་དོན་འདི་འབྱུང་བར་གྱུར་ཅིག་ཅེས་དང་པོ་ཚིག་ཏུ་བརྗོད་པ་འམ་རྣམ་པར་བསམས་སྟེ་བཟླས་པ་བྱའོ། །




iiif viewer powered by OpenSeadragon

173a - 174a

Texts on this page

Q134 - dam tshig gsum bkod pa'i rgyal po zhes bya ba'i rgyud