e-texts navigator
Collection
Volume
Page
Wylie

173a1 དུ་ཤུགས་ཏེ་བཟླས་ན་ལས་ཀྱི་སྒྲིབ་པཟད་པར་འགྱུར་རོ། དེ་བཞིན་དུས་རྟེན་ལ་སྲེང་པ་བྱེད་ཅིང་སྣང་ཕྲག་བརྒྱད་པཟླས་ན་སྡིག་པ་ལས་གྲོལ་བར་འགྱུར་རོ།། བེན་པར་མིག་བཅུམས་ཤེ་སངས་རྒྱས་དང་བྱང་ཆུབ་སེམས་པ།
173a2 ཐམས་ཅད་ལ་དམིགས་ནས། ཇི་སྲིད་མིག་བཙུམ་པ་ཁོ་ནས་དེ་བཞིན་གཤེགས་པ་ཡིད་ཀྱིས་མཐོང་བར་འགྱུར་བ་དེ་སྲིད་དུ་བཟླས་པ་བྱས་ན།། སྡིག་པའི་ལས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ།། མི་སྨྲ་བ་སྟོང་ཕྲག་བརྒྱད་བཟླས་པ
173a3 བྱས་ན་དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་ཞུགས་པར་འགྱུར་རོ། ། འདིས་དམ་ཚིག་ཐམས་ཅད་ཀྱང་ཤེས་པར་འགྱུར་རོ།། རྣམ་པར་འཚེ་བ་ལ་མར་དང་ཡུངས་དཀར་གྱི་སྦྱིན་བསྲེག་བྱའོ།། ནད་པ་རྣམས་ཀྱི་དོན་དུ་ནི་མར་དང་སྦྲངད་རྩིས་སྦྱིན་བསྲེག
173a4 བྱའོ། ། ཁྲོས་པ་རྣམས་ཀྱི་དོན་དུ་སྦྲད་རྩིའོ།། རྒྱལ་པོ་འདྲེན་པར་བྱེད་པ་ལ་ནི་ཡུངས་དཀར་ཏི་ལ་མར་ལ་སྔགས་ནས་སྦྱིན་བསྲེག་བྱའོ།། གཡུལ་འགྱེད་པ་ལ་ནི་འོད་མ་ཚེར་མའམ་འཆི་བ་ལ་མདནའི་ཚི་མའམ་ཨ་ཀའ་མེ་ཏོག་གམ་དུ་ངུར་ཧཱུ~ཾ
173a5 མེ་ཏོག་ཡུངས་དཀར་གྱི་མར་ལ་སྦགས་པས་སྦྱིན་བསྲེག་བྱས་ན་འཆི་བ་རབ་ཏུ་ཞི་བར་བྱེད་དོ། ། མུ་ཙུ་ཀུན་དྷའི་ཕུར་བུམ་མོའི་དཀྱིལ་འཁོར་དུ་སྦས་ན་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་དང་སྔགས་ཕུར་བུས་བཏབ་པར་འགྱུར་རོ།། རིག་པ་འཛིན
173a6 བའི་རྒྱལ་པོ་ཐམས་ཅད་བྲིས་ཏེ་ལྕགས་ཀྱི་ཕུར་བུས་བཏབ་ན་རིག་པ་འཛིན་པ་ཐམས་ཅད་དང་མ་དད་པ་དང་གནོད་པ་བྱེད་པ་ཕུར་བུས་བཏབ་པར་འགྱུར་རོ། ། ཨ་ཤོ་ཀའི་ཕུར་བུས་ལམ་པོ་ཆེའི་བཞི་མདོར་བདྲོས་ན་གདོན་ཆེན་པོ་རེངས་པར
173a7 བྱེད་པར་འགྱུར་རོ། ། ཉིན་གཅིག་པ་ལ་སོགས་པའི་རིམས་ཐམས་ཅད་ལ་སྐུད་པའམ་བདུག་སྤོས་དྲི་ཞིམ་པོ་རྣམས་ཀྱིས་མགོ་བཏུམས་ལ་རང་ལ་འདུགས་ན་སེལ་བར་བྱེད་ཅིང་ལྷས་བསྟན་ནས་སྨྲ་བར་བྱེད་དོ།། དེ་བཞིན་དུ་སྦྱིན་བསྲེག་གང
173a8 ཡིན་པ་དེས་ཀྱང་ཀླུ་དང་གནོད་སྦྱིན་ལ་སོགས་པ་མེད་པར་བྱེད་དོ། ། ཟླ་བ་གཟས་ཟིན་པ་ན་ཟངས་མ་འམ་ལྕགས་སམ་གསེར་རམ་དངུལ་གྱི་སྣོད་དུ་བཅུག་པའི་མང་ལ་ཇི་སྲིད་དངོས་གྲུབ་གསུམ་ཐོབ་པར་གྱུར་པ་དེ་སྲིད་དུ་བཟླས་ལ། དེ་འཐུངས།




iiif viewer powered by OpenSeadragon

172b - 173b

Texts on this page

Q134 - dam tshig gsum bkod pa'i rgyal po zhes bya ba'i rgyud