| | e-texts navigator
|
172a1 ཏོག་གིས་རབ་ཏུ་གཏོར་བའི་དཀྱིལ་འཁོར་ལ་དུར་ཁྲོད་ཀྱི་ཤིང་ལ་མེ་སྦར་ལ་མར་དང་ཡུངས་དཀར་གྱིས་སྦྱིན་བསྲེག་བྱས་ན་ཟླ་བ་ཕྱེད་ཀྱི་ནང་དུ་ངེས་པར་མཁའ་ལ་འཕུར་བར་འགྱུར་རོ། ། དུར་ཁྲོད་ཇི་ལྟ་བ་དེ་བཞིན་དུ་རི་བོ་ལ་སོགས་པ་ལ་ཡང་གཅིག
172a2 བུ་དབེན་པར་འདུག་སྟེ་བསྒྲུབ་པའམ་དད་པ་ལ་སོགས་པ་བྱ་ལ་བསྒྲུབ་པའམ་ཆོག་འདི་ཉིད་ཀྱིས་ཤིང་ཁྲིའམ་མཆིན་ལྷ་མ་ལ་སོགས་པ་ལ་ཡང་ཡིད་ལ་འདོད་པས་ཆོ་ག་བཞིན་བསྒྲུབ་པར་བྱའོ། ། ཤིང་མྱ་ངན་མེད་ཀྱི་ཡལ་ག་ལ་འཇུས་ནས་ཇི་སྲིད་ནམ་མཁའ
172a3 ལ་འགྲོ་བ་དང་མི་སྣང་བར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་བཞིན་དུ་ཤིང་ཨ་ཤྭད་ཐ་དད་ནྱ་གྲོ་དྷ་དང་ནཱ་ག་བུས་པའི་ཤིང་དང་ཤིང་ཏིལ་ཀ་དང་ཨ་མྲ་དང་དུར་ཁྲོད་ཀྱི་ཤིང་ལ་འཛེགས་ཏེ་ཇི་སྲིད་མི་སྣང་བར་འགྲོ་བ་དེ་སྲིད་བཟླས་པ་བྱའོདེ་ལྟར་མི་སྣང
172a4 བར་གྱུར་པས་ལོ་སྟོང་ཕྲག་བརྒྱར་འཚོ་བར་མེད་འགྱུར་ཞིང་ཁྲུ་གང་ཙམ་གྱིས་སལ་མ་རེག་པར་འགྲོ་བར་འགྱུར་རོ། ། བསོད་སྙོམས་ཀྱི་འཚོ་བྲ་དུར་ཁྲོད་དུ་ཇི་སྲིད་མི་སྣང་བར་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ།། དུར་ཁྲོད་དུ་ཞག་ལྔ་འདུག་སྟེ་བཟླས་པ་བྱས་ནས
172a5 ཕྱིས་དེ་ཉིད་དུ་སའི་རང་བཞིན་གྱི་མཆོད་རྟེན་བྱས་ནས་དེར་མེ་ཏོག་གི་དཀྱིལ་འཁོར་བྱས་ཏེ་ཐལ་བ་ལག་པའི་ཁ་སྦྱོར་དུ་བཅུག་སྟེ་ཇི་སྲིད་དུ་བ་འཐུལ་བ་དེ་སྲིད་དུ་བཟླས་པ་བྱས་ནས་དེས་འཛུབ་རིས་གསུམ་བྱས་པས་མི་སྣང་བར་འགྱུར་རོ། ། ཤ་མ་ཏ་ལའི་རྩ
172a6 བསྐམ་པོ་ཕྱེ་མར་བྱས་ཏེ་དུར་ཁྲོད་དུ་མེ་ཏོག་གིས་མངོན་པར་གཏོར་བའི་དཀྱིལ་འཁོར་བྱས་ལ་ལག་པའི་ཁ་སྦྱོར་རམ་ཁམ་ཕོར་གྱི་ཁ་སྦྱར་དུ་བཅུག་སྟེ་ཇི་སྲིད་དུ་འཕྲུལ་སྲིད་དུ་ཟླབ་བྱས་འདེས་མིག་ལ་ཐུས་ནི་མི་མཐོང་བར་འགྱུར་རོ། ། དེ་བཞིན་དུ་འགྲོན་པུཿ
172a7 དང་མ་ཏིབ་ལ་དང་། ཨིན་དྲ་བ་དུ་ནི་རྣམས་ཀྱི་རྩ་བ་འམ་ཤུ་དག་གམ་ཨ་པ་ར་ཙིཏའམ། ཨ་པར་ཏི་ནི་འམ་པད་མའི་སྡོང་བུའི་རྩ་བ་འམ་དརྗོད་པ་ལའམ་ཨུད་པ་ལའི་མེ་ཏོག་གམ་མིའི་སྤུའམ་མ་བྱའི་ཤའམ། ཚ་བ་གསུམ་མ་མར་ཛ་བ་ཏའམ་སྤོས་དཀར
172a8 པོའམ་གཞན་དག་ཕྱེ་མར་བྱས་ཏེ། ཁམ་པོ་ག་སྦྱར་རམ་ལག་པ་ཁ་སྦྱོར་དུ་བཅུག་སྟེ། ཇི་སྲིད་དུ་བ་འཕྲུལ་བ་དེ་སྲིད་དུ་བཟླས་པ་དེས་མག་ལ་བསྐུས་ན་མི་སྣང་བར་འགྱུར་རོ།། དུར་ཁྲོད་དུ་སྦྲང་རྩིལ་ལན་སྟོང་མངོན་པར་བསྔགས་ཏེ་མིག་ལ་བསྐུས་ན
iiif viewer powered by OpenSeadragon
171b - 172b