e-texts navigator
Collection
Volume
Page
Wylie

171b1 སྲིད་བཟླས་པས་ཆོས་གང་ཉན་པར་འདོད་པ་དེ་མངོན་པར་སྟོན་པར་འགྱུར་རོ། ། དེའི་སྟེང་དུ་བསྒྲུབས་ན་འབར་བར་འགྱུར།། འབར་བར་གྱུར་པས་ལག་ན་རྡོ་རྗེ་རྡོ་རྗེའི་རིགས་སུ་འཇུག་པར་འགྱུར་རོ།། རྡོ་རྗེ་ཇི་ལྟ་བ་བཞིན་དུ་རལ་གྲི་དང་འཁོར་ལོ
171b2 དང་ལྕགས་ཀྱུ་དང་གླེགས་བམ་ལག་པས་བླངས་ཏེ་བསྒྲུབས་པས་རྡོ་རྗེའི་རིགས་སུ་འཇུག་པར་འགྱུར་ཞིང་ཐམས་ཅད་དུ་ཐོགས་པ་མེད་པའི་རིག་པ་འཛིན་པར་འགྱུར་རོ། ། གཞོན་ནུ་འམ་གཞོན་ནུ་མ་ལེགས་པར་ཁྲུས་བྱས་ཏེ་རྒྱན་གྱིས་བརྒྱན
171b3 པ་ལ་སྔོན་དུ་བསྙེན་པ་བྱས་ལ་ཅི་འབྱོར་པའི་མཆོད་པ་བྱས་ཏེ་ཉིན་མཚན་བསྲུང་བས་མཆོད་རྟེན་ནམ་ལུགས་སྐུའམ་གླེགས་བམ་མམ་བྲིས་སྐུ་འམ་གཞན་དག་གིས་མདུན་དུ་ཀུ་ཤའི་གཅལ་བཀྲམ་པ་ལ་འདུག་ནས། སངས་རྒྱས་དང
171b4 བྱང་ཆུབ་སེམས་དཔའ་རྣམས་ལ་ཐལ་མོ་སྦྱར་བ་བྱས་ནས་གསོལ་བ་བཏབ་ལ། དེ་ནས་ཙན་དན་ནམ་ག་བུར་རམ་གུ་གུལ་ལམ་དུ་རུ་སྐས་དུ་བ་མེད་པའི་མེ་མདག་ལ་སྦྱིན་བསྲེག་བྱའོ།། དེ་དག་མེད་ན་དཀྱིལ་མོ་དཀྲུང་གིས་འདུག་སྟེ་ལག་པས་དེ་དག་བཟུང
171b5 ལ་ཇི་སྲིད་གཞོན་ནུ་དང་གཞོན་ནུ་མ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པས་རབ་ཏུ་འབར་ཞིང་འཕུར་བར་འགྱུར་རོ། ། ལག་པས་བླངས་པ་དེ་དག་དང་བཅས་པར་རིག་པ་འཛིན་པར་འགྱུར་རོ།། བུད་མེད་ལེགས་པར་ཁྲུས་བྱས་ཤིང་རྒྱན་གྱིས་བརྒྱན་པ་ལ་ཇི་སྲིད
171b6 སྐྱེས་པར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། དུར་ཁྲོད་དུ་བྲིས་པའམ་ཤིང་ངམས་ལས་བྱས་པའི་སེང་གེ་ལ་ཇི་སྲིད་འགྲོ་བར་གྱུར་པ་དེ་སྲིད་བཟླས་པས་དེ་ལ་ཞོན་ཞིང་གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ།། གལ་ཏེ་ཉིནར་རྟག་ཏུ་བཟླས་ན་གང་དུ་འགྲོ
171b7 བའི་ས་ཕྱོགས་དེ་བསྲུང་བ་བྱས་པར་འགྱུར་རོ། ། གལ་ཏེ་ཉིན་མཚན་དུ་སྒྲུབ་པ་བྱེད་ན་ཇི་སྲིད་ཞག་ལྔ་འམ་དྲུག་གམ་བརྒྱད་དམ་ལྷག་མའི་ཟླ་བ་ཕྱེད་ཀྱི་ནང་དུ་ཡར་འཕགས་པར་འགྱུར་ཞིང་ལྷ་རྣམས་ལས་ཀྱང་རྒྱལ་བར་འགྱུར་རོ།། དེ་ལ་ཞོན་ན་གང
171b8 དུ་འདོད་པ་དེར་འགྲོ་བ་དང་འོང་བར་འགྱུར་རོ། ། དེ་བཞིན་དུ་རྟ་འམ་གླང་པོ་ཆེའམ་ཁྱུག་མཆོག་གམ་མ་ཧེ་འམ་ར་སྐྱེས་སམ་ལུག་གམ་རི་དགས་ལ་བཟླས་ན་དེ་དག་ཐམས་ཅད་ཉིད་གང་དུ་ཇི་སྲིད་འདོད་པ་དེ་སྲིད་དག་ཏུ་འགྲོ་བ་དང་འོང་བར་འགྱུར་རོ།། མེ




iiif viewer powered by OpenSeadragon

171a - 172a

Texts on this page

Q134 - dam tshig gsum bkod pa'i rgyal po zhes bya ba'i rgyud